ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལྟར་ཁྲིམས་གཅོད་དང་པོ།


༄༅།། ཕྱི་ཟླ་༧་པའི་ཚེས་༢༧་ཏེ། རེས་གཟའ་མིག་དམར་ཉིན་ཧོང་ཀོང་གི་ཁྲིམས་ཁང་ཞིག་གིས་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལྟར་ཧོང་ཀོང་བ་ཐང་དབྱིང་ཇཱེ་ལ་ནག་ཉེས་བཙུགས་ནས་ཁྲིམས་གཅོད་ཐེངས་དང་པོ་བྱས་ཡོད་ཅིང་། ཁོང་ལ་རྒྱལ་ཁབ་ཁ་བྲལ་དང་འཇིགས་སྐུལ་གྱི་ནག་ཉེས་བཙུགས་ཡོད་པས་རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་ལ་ལོ་ལྔ་ནས་བདུན་གྱི་བཙོན་འཇུག་གི་ཁྲིམས་ཐག་གཅོད་སྲིད་པར་མ་ཟད། འཇིགས་སྐུལ་རིང་ལུགས་ཀྱི་ཉེས་དོན་ལ་ཚེ་བཙོན་གྱི་ཁྲིམས་ཐག་གཅོད་སྲིད་པའི་སྐོར། རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG