ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༠༣

ཨ་རིར་ནད་དུག་གསར་པ་འགོས་པའི་ནད་པ་དང་པོ་ངེས་གཏན།


༄༅།། རེས་གཟའ་ཕུར་བུའི་ཉིན་ཨ་མི་རི་ཀའི་སྤྱི་དམངས་ཤིག་ལ་ལྷོ་ཨ་ཧྥི་རི་ཀ་ནས་ཁྱབ་པའི་ཨོ་མི་ཁོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་གསར་པ་དེ་འགོས་ཡོད་པ་ཤེས་རྟོགས་བྱུང་ཞིང་། མི་དེ་སན་ཧྥ་རན་སི་སི་ཀོའི་མངའ་ཁུལ་དུ་ཡོད་པ་དང་ཉེ་ཆར་མི་དེ་ལྷོ་ཨ་ཧྥི་རི་ཀར་འགྲིམ་འགྲུལ་བྱས་འདུག དེར་བརྟེན་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ནད་དུག་གསར་པ་དེར་འཇིགས་སྣང་གིས་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་དཔལ་འབྱོར་ཉམས་ཆག་འབྱུང་སྲིད་པའི་བློ་འཚབ་ཇེ་ཆེར་འགྲོ་བཞིན་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG