ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་གྲུབ་འབྲས་དངོས་གཞི་གསལ་བསྒྲགས།


དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་༡༦་པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུའི་གྲུབ་འབྲས་ཁག་དབུས་འོས་བསྡུ་ལྷན་ཁང་གིས་གསར་འགོད་ལྷན་ཚོགས་ཐོག་ཏུ་གསལ་བསྒྲགས་བྱས་ཡོད་ཅིང་། དབུས་འོས་བསྡུ་ལྷན་ཁང་གིས་གསལ་བསྒྲགས་བྱས་ན་བཙན་བྱོལ་བོད་མི་ཆིག་འབུམ་ལྔ་ཁྲི་ཙམ་ཡོད་པའི་ཁོངས་ནས་ཐེངས་འདིའི་འོས་ཤོག་འཕེན་པར་དེབ་སྐྱེལ་ཐོ་འགོད་བྱེད་མཁན་མི་གྲངས་༩༠༣༧༧་བྱུང་ཡོད་པ་མ་ཟད། འོས་བསྡུའི་སྐབས་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སྲིད་སྐྱོང་ལ་འོས་ཤོག་འཕེན་མཁན་མི་གྲངས་༥༩༣༥༣་དང་འོས་ཤོག་རྩིས་མེད་ཕྱིན་པ་༦༡༣་བྱུང་ཡོད། སྤྱི་འཐུས་ལ་འོས་ཤོག་འཕེན་མཁན་མི་གྲངས་༥༨༦༡༥་བྱུང་ཡོད་པ་དེའི་ཁོངས་ནས་འོས་ཤོག་རྩིས་མེད་ཕྱིན་པ་༥༩༡་བྱུང་ཡོད་པ་དང་། ད་ལོའི་འོས་འདེམས་འདིར་མི་མང་འོས་ཤོག་འཕེན་མཁན་སྔར་ལས་མང་དུ་ཕྱིན་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG