ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་མཐུན་ཚོགས་ཀྱིས་བྱང་ཀོ་རི་ཡའི་གཞུང་ལ་རྟོག་ཞིབ།


འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་རྩེད་ཀྱི་ཐད་འགན་འཁུར་དམ་འཛིན་གནང་མཁན་དབྱིན་སྐད་དུ་ཕྷི་ཕའམ་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་མཉམ་འབྲེལ་མཐུན་ཚོགས་ཀྱིས་ཉེ་སྔོན་ལྷོ་ཨ་ཕྷེ་རི་ཀའི་ནང་དུ་འཚོགས་པའི་འཛམ་གླིང་རྐང་རྩེད་སྤོ་ལོའི་འགྲན་རྩེད་ཀྱི་རྗེས་སུ་བྱང་ཀོ་རི་ཡའི་གཞུང་གིས་རང་ཁོངས་རྐང་རྩེད་སྤོ་ལོའི་རུ་ཁག་གི་ཚོགས་མི་ཁག་ཅིག་དང་རུ་དཔོན་ལ་སྐྱོན་བརྗོད་བྱས་པ་དང་རུ་དཔོན་ཀིམ་ཇོར་ཧུན་ཞུ་བ་ངལ་རྩོལ་འགྱུར་བཅོས་ལ་བཏང་ཡོད་ལུགས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་ཟླ་བ་སྔོན་མ་གནས་ཚུལ་ཞིག་སྤེལ་ཡོད་པས་དེ་ཚོའི་ཐད་རྟོག་ཞིབ་གནང་གི་ཡིན་ཞེས་གསུངས་ཡོད་པ་དང་ མཐུན་ཚོགས་དེའི་གཙོ་འཛིན་མཆོག་གི་མཚན་ཐོག་ནས་བྱང་ཀོ་རི་ཡའི་གཞུང་གི་རྐང་རྩེད་སྤོ་ལོའི་ལས་ཁུངས་ལ་གནས་འཕྲིན་ཞིག་ཀྱང་ཕུལ་ལ་ཟིན་པ་ཡིན་ཞེས་འགྲེལ་བརྗོད་གནང་ཡོད་པ་རེད།

XS
SM
MD
LG