ངོ་འཕྲད་བདེ་བའི་དྲ་འབྲེལ།

ཧོང་ཀོང་གི་གསར་འགོད་པ་དང་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས།


༄༅།། ལོ་གཅིག་སྔོན་གྱི་གཟའ་འཁོར་འདིར་ཧོང་ཀོང་གཞུང་གིས་མངའ་ཁུལ་དེའི་ཀུ་ཤུ་ཉིན་རེའི་ཚགས་པར་ཁང་ལ་སྔོག་བཤེར་བྱས་ནས་ཚགས་ཤོག་གསར་འཛུགས་པ་ཇཱི་མཱི་ལའེ་འཛིན་བཟུང་བྱས་ཤིང་། ཇཱི་མཱི་ལའེ་ནི་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལག་ལེན་བསྟར་ནས་འཛིན་བཟུང་བྱས་པའི་མི་ཐོག་མའི་གྲས་ཡིན་པར་མ་ཟད། རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ནང་དུ་རྒྱལ་ཁབ་ཀྱི་བདག་དབང་མགོ་རྟིང་སློག་པ་དང་ཕྱིའི་རྒྱལ་ཁབ་ཁག་ལ་ངན་འབྲེལ་སོགས་ཀྱི་འབྲུ་དོན་ཁག་བཀོད་ནས་ཧོང་ཀོང་གི་གཏམ་བརྗོད་རང་དབང་ལ་རྡོག་རོལ་ཚབས་ཆེན་ཕོག ཁྱད་པར་དུ་ཧོང་ཀོང་གི་གསར་འགོད་རང་དབང་ལ་སྡིགས་སྐུལ་བྱས་ནས་གསར་འགོད་པ་འགའ་ཤས་ཀྱིས་རང་ལ་ཧོང་ཀོང་གཞུང་གིས་དོན་མེད་སྐྱོན་འཛུགས་བྱེད་སྲིད་པའི་བློ་འཚབ་ཆེན་པོ་ཡོད་ཅེས་བརྗོད་ཡོད་པ་སོགས་ཀྱི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG