༄༅།། ཨ་མི་རི་ཀའི་ཟས་རིགས་དང་སྨན་རྫས་དོ་དམ་ལས་ཁུངས་ཀྱིས་ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་ཏོག་དབྱིབས་ནད་དུག་གི་འགོག་ཁབ་སྨན་ཐུན་གཅིག་ཅན་དེར་བརྟག་དཔྱད་དང་ཞིབ་འཇུག་བྱས་པའི་རྗེས་སུ་གཟའ་ལྷག་པ་ཉིན་ཞིབ་འཇུག་གི་གྲུབ་འབྲས་རྣམས་ཕྱིར་བསྒྲགས་བྱས་ཡོད་ཅིང་། ཨ་རིའི་འགོག་ཁབ་གསུམ་པ་དེ་ཛ་དྲག་གི་ཆེད་དུ་མི་ལ་བརྒྱབ་ན་བདེ་འཇགས་རེད། ལྷག་པར་དུ་ནད་དུག་འགོས་ཀྱང་སྨན་ཁང་ལ་སྟོན་མི་དགོས་པ་དང་སྲོག་སྐྱོན་གྱི་ཉེན་ཁ་མེད་པ་ཚོར་ནད་དུག་སྔོན་འགོག་གི་ནུས་པ་ཆེན་པོ་འཐོན་རྒྱུ་རེད་ཅེས་བསྒྲགས་ཡོད་པར་མ་ཟད། བདུན་ཕྲག་རྗེས་མ་ནས་ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་དེ་ཨ་རིའི་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱེད་ཐུབ་རྒྱུ་ཡིན་པ་སོགས་ཀྱི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་སྙན་སྒྲོན་ཞུ་རྒྱུ་རེད།།