ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་པ་སངས། ༢༠༢༦/༠༣/༡༣
བོད།
ཨེ་འགོག་ལས་འགུལ་བ་མིང་གྲགས་ཅན་ཞིག་གི་གསལ་བཤད།
༢༧།༠༣།༢༠༢༠
ཨེ་འགོག་ལས་འགུལ་བ་མིང་གྲགས་ཅན་ཞིག་གི་གསལ་བཤད།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
Embed
share
ཨེ་འགོག་ལས་འགུལ་བ་མིང་གྲགས་ཅན་ཞིག་གི་གསལ་བཤད།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:05:10
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
༄༅།། བོད་ཀྱི་ཨེ་འགོག་ལས་འགུལ་བ་མིང་གྲགས་ཅན་ཆོས་དཔལ་བཟང་པོས་ཉེ་ཆར་བོད་པ་ཨེ་ཛིའི་ནད་པ་ཞིག་ལ་རོགས་རམ་བྱས་པའི་སྐབས་སུ་སྟབས་མ་ལེགས་པར་ནད་པའི་ཁྲག་འགོས་པས་མི་མང་པོས་ཆོས་དཔལ་བཟང་པོར་ཨེ་ནད་འགོས་ཡོད་པར་སེམས་ཁྲལ་དང་དོགས་པ་བྱེད་ཀྱི་ཡོད་འདུག འོན་ཀྱང་ཁ་སང་སྤྱི་ཚེས་༢༦་གི་ཉིན་ཨེ་འགོག་ལས་འགུལ་བ་ཆོས་དཔལ་བཟང་པོས་སྒེར་གྱི་ཨེ་ཛེའི་ནད་ཡམས་སྔོན་འགོག་ཤེས་བྱ་དྲིལ་བསྒྲགས་འཕྲིན་སྟེགས་བརྒྱུད་ལམ་དུ་ང་ལ་ཨེ་ཛི་ནད་དུག་འགོས་མི་འདུག་ཅེས་ཁ་བྱང་འཁོད་པའི་གསལ་བསྒྲགས་ཞིག་སྤེལ་འདུག
ཨེ་འགོག་ལས་འགུལ་བ་ཆོས་དཔལ་བཟང་པོས་དེ་སྔོན་སྤྱི་ལོ་༢༠༡༩་ལོའི་ཟླ་༡༢་པའི་ཚེས་༡༠་ཉིན་སི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར་གཙོ་བོ་ཁྲིན་ཏུའུ་ས་གནས་སུ་ཕ་ཡུལ་བོད་རང་སྐྱོང་ལྗོངས་ཀྱི་ཁོངས་ནས་ཡིན་པའི་བོད་པ་ཨེ་ཛིའི་ནད་པ་བུད་མེད་ཅིག་ལ་ནད་བརྟག་རོགས་རམ་བྱས་པའི་སྐབས་སུ་ནད་པའི་ཁྲག་འགོས་ཡོད་པའི་འགྱིག་སྦུག་ཞིག་གི་སྣེ་མོ་སྟབས་མ་ལེགས་པར་ཁོ་པའི་ལག་པའི་སྟེང་དུ་འཛེར་བས་ཨེ་ཛེའི་ནད་འགོས་ཡོད་པའི་དོགས་པ་བྱུང་ཞིང་། ཨེ་འགོག་ལས་འགུལ་བ་ཨེ་ཛིའི་ནད་པའི་ཁྲག་འགོས་པའི་ཆུ་ཚོད་གསུམ་གྱི་རྗེས་སུ་སྨན་ཁང་དུ་དུག་གནོན་སྨན་བརྒྱབ་ནས་ན་ཚ་སྔོན་འགོག་བྱས་འདུག ཁོང་གིས་ཉིན་དེར་རང་ལ་ཨེ་ཙེའི་ན་ཚ་འགོས་ཁྱབ་བྱུང་ཡོད་པར་དོགས་པ་སྐྱེས་པའི་ཉིན་མོ་ནས་བརྟག་དཔྱད་ཀྱི་གྲུབ་འབྲས་སོགས་ཐད་ཀར་དྲྭ་ལམ་དུ་གསལ་བསྒྲགས་བྱས་འདུག ཆོས་དཔལ་བཟང་པོའི་འཕྲིན་སྟེགས་ཀྱི་རྗེས་འབྲང་བ་དང་དོ་སྣང་བྱེད་མཁན་གྱི་བོད་པ་མང་པོས་དོ་བདག་ལ་ཨེ་ཛེའི་རིམས་ནད་འགོས་ཡོད་པའི་དོགས་པ་དང་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་་ཀྱང་དུས་ཡུན་རིང་པོར་སྔོན་འགོག་བྱས་པའི་བརྟག་དཔྱད་བྱས་པའི་མཇུག་འབྲས་ལྟར་དེ་རིང་ཁོ་པར་ཨེ་ཛེའི་ནད་ཡམས་འགོས་མི་འདུག་ཅེས་དྲ་ལམ་དུ་གསལ་བཤད་བྱས་པ་ཞིག་རེད།
ཆོས་དཔལ་བཟང་པོ་ནི་བོད་ཀྱི་ཀུན་བརྩེ་ཨེ་འགོག་ཚོགས་པའི་ཨེ་འགོག་ལས་འགུལ་བ་ཞིག་ཡིན་པ་དང་འདས་པའི་ལོ་མང་རིང་བོད་ཀྱི་ས་ཆ་གང་སར་ཨེ་ཛིའི་ན་ཚ་གཙོ་བྱས་པའི་རིམས་ནད་ཀྱི་སྐོར་དང་སྐྲན་ནད། མོ་ནད་སོགས་ནད་རིགས་སྣ་ཚོགས་ཤིག་སྔོན་འགོག་གི་ཆེད་དུ་མི་དམངས་ལ་ནད་རིགས་སྔོན་འགོག་དང་གསོ་བཅོས་བྱེད་ཐབས་སོགས་ཀྱི་གོ་རྟོགས་སྤེལ་རྒྱུའི་ཕྱག་ལས་མང་པོ་གནང་ཞིང་། ཁོང་གིས་གཙོ་འགན་ཁུར་ནས་ད་ལྟའི་བར་དུ་བོད་ཡུལ་སྟོད་སྨད་བར་གསུམ་དུ་ཨེ་འགོག་ལས་འགུལ་དང་གསོ་བཅོས་བྱ་རྒྱུའི་ཆེད་དུ་ཀུན་བརྩེ་ཨེ་འགོག་ལས་འགུལ་ཚོགས་པའི་གསོ་སྦྱོང་ཚོགས་འདུ་ཞེས་པ་ཐེངས་བཅོ་ལྔ་ལ་བསྡུས་འདུག གཞན་ཨེ་འགོག་བྱེད་སྒོ་ལེ་དབར་ཁྲི་ཕྲག་མ་ཞེས་ཐེངས་དྲུག་ལ་སྤེལ་ནས་བོད་ཀྱི་ས་ཁུལ་མང་པོར་ཆེད་དུ་ཨེ་ཛི་གཙོ་བྱས་པའི་ནད་ཡམས་ཀྱི་རིགས་སྔོན་འགོག་ཐད་དུ་གོ་རྟོགས་སྤེལ། ཁྱད་པར་དུ་སྤྱི་ལོ་༢༠༡༣་ལོའི་ཟླ་༣་པ་ནས་བཟུང་ཨེ་འགོག་འཕྲིན་སྟེགས་ཞེས་པའི་སྐད་འཕྲིན་གྱི་གླེང་སྟེགས་བརྒྱུད་ནས་ཨེ་འགོག་ཉིན་རེའི་ལན་ཞེས་པའི་ལས་རིམ་གཉེར། ཨེ་ཛིའི་ན་ཚ་སྔོན་འགོག་སོགས་ལ་མི་རྣམས་ཀྱི་དྲི་བར་ཉིན་རེ་བཞིན་ལན་འདེབས་བྱས་མྱོང་བར་མ་ཟད། ཉེ་ཆར་འཛམ་གླིང་ཡོངས་སུ་གསར་བྱུང་ཏོག་དབྱིབས་ནད་དུག་ཁྱབ་བཞིན་པའི་སྐབས་སུའང་ཨེ་འགོག་འཕྲིན་སྟེགས་བརྒྱུད་ནས་གསར་བྱུང་ཏོག་དབྱིབས་ནད་དུག་སྔོན་འགོག་ལག་དེབ་ཅེས་པ་བོད་ཡིག་ལ་ཕབ་སྒྱུར་བྱས་འདུག
ཉིན་རེ་བཞིན་རིམས་ནད་སྔོན་འགོག་གི་ལག་དེབ་དེ་སློབ་ཁྲིད་བྱས་ཤིང་། འདི་ནི་སྔོན་འགོག་བྱེད་ཐབས་ལ་བོད་སྐད་བོད་ཡིག་གི་ལམ་ནས་ལམ་སྟོན་བྱས་འདུག དེ་མིན་ཁོ་པས་འཕྲིན་སྟེགས་བརྒྱུད་ནས་གློ་ཚད་གསར་པའི་ཁྱབ་ཚད་དུས་ཐོག་ཏུ་གསར་སྣོན་ཁྱབ་སྤེལ་མ་ཞེས་པའི་ལས་རིམ་གསར་པ་ཞིག་འགོ་བཙུགས་ནས་རིམས་ནད་ཁྱབ་ཚད་ཀྱི་གསར་འགྱུར་ཁག་དུས་ཐོག་ཏུ་སྤེལ་ནས་རིམས་ནད་སྔོན་འགོག་ལ་བོད་མི་བོད་པ་ཚོར་བོད་ཡིག་གི་ལམ་ནས་ཤེས་བྱ་ངོ་སྤྲོད་ཀྱི་སྟོང་ཆ་ཆེན་པོ་ཞིག་ཡོད་པ་བསྐངས། ད་སྔ་ཁོ་པའི་འཕྲིན་སྟེགས་འདིར་དོ་སྣང་དང་རྗེས་སུ་འཇུག་མཁན་གྱི་མི་གྲངས་འབུམ་གཉིས་དང་ཁྲི་གསུམ་ལྷག་ཡོད་པ་རེད།
XS
SM
MD
LG