ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༡/༡༩

རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་བྱུང་བའི་བུད་མེད་ཀྱི་ལེའུ་གསར་བ།


བོད་ནང་གི་བོད་མི་ཚོས་རྒྱུན་ཆད་མེད་པར་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་གི་བཙན་གནོན་ལ་ངོ་རྒོལ་དང་རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་དགོས་པའི་འབོད་སྒྲ་སྒྲོག་བཞིན་པའི་སྐབས། བོད་ཀྱི་ལོ་རྒྱུས་ནང་མི་རིགས་འཐབ་རྩོད་ཆེད་བོད་ཀྱི་བུད་མེད་ཚོས་རང་ལུས་མེར་བསྲེགས་བཏང་བའི་ལོ་རྒྱུས་ཀྱི་ལེའུ་མགོ་བརྩམས་ཡོད་པ་རེེད། འདིའི་ཆེད་དུ་རྒྱ་གར་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱེད་ཡོད་པའི་དབུས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་ལས་འགུལ་ཞིག་སྤེལ་ཡོད་པ་དེ་དང་འབྲེལ་བའི་སྐོར་གྱི་གནས་ཚུལ་ཞིག་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG