ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བོད་ནང་གི་ལོ་སར་དགོང་ཚོཊ་ཁག་ལ་བོད་པ་བཙན་བྱོལ་བའི་ལྟ་སྟངས།


༄༅།། བོད་ལྕགས་གླང་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་དུས་སུ་ལྷ་ས་དང་ཁམས། མཚོ་སྔོན་བརྙན་འཕྲིན་ཁང་བཅས་ཀྱི་ལོ་སར་དགོངས་ཚོགས་ཁག་ལ་མདོ་དབུས་ཁམས་གསུམ་གྱི་བོད་པ་བཙན་བྱོལ་བ་ཁག་ཅིག་གིས་ཞིབ་ལྟ་བྱས་ནས་རང་རང་གི་ཉམས་མྱོང་རྣམས་བརྗོད་པ་ལྟར་ན། མི་ཁག་ཅིག་གིས་ད་ལོའི་དགོང་ཚོགས་ཁག་ནི་སྔོན་དང་མི་འདྲ་བ་གཞས་དང་ཞབས་བྲོ། གཏམ་བརྗོད་སོགས་ཀྱི་བརྗོད་བྱ་ཕལ་ཆེ་བ་བོད་ཀྱི་སྲོལ་རྒྱུན་རིག་གནས་ངོ་སྤྲོད་དང་མང་ཚོགས་ཀྱིས་སོ་སོའི་སྲོལ་རྒྱུན་རིག་གནས་ལ་དོ་སྣང་བྱ་དགོས་པའི་འཁྲབ་སྟོན་ཤུགས་ཆེ་བ་ཡིན་པས་དེ་ལ་དགའ་མོས་བྱུང་ཞེས་ལན་བཏབ་ཡོད་ཅིང་། མི་ཁག་ཅིག་གིས་དགོང་ཚོགས་དེ་དག་བརྒྱུད་ནས་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་སྣང་ཆེན་བཞི་དང་དགའ་ཞེན་བཞི་ལ་སོགས་པ་འཁྲབ་སྟོན་དང་དྲིལ་བསྒྲགས་བྱས་པར་དགའ་མོས་བྱུང་མ་སོང་ཞེས་ལན་འདེབས་བྱས་ཡོད་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG