ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཡུ་རོབ་མཉམ་འབྲེལ་གྱི་ཆེས་མཐོའི་ལྷན་ཚོགས་ཕར་འགྱངས།


༄༅།། ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་༢༧་གྱི་འགོ་ཁྲིད་རྣམ་པའི་ལོ་རེའི་འགྲོ་གྲོན་སྔོན་རྩིས་སྐོར་གྱི་ཆེས་མཐོའི་ལྷན་ཚོགས་ཐོག་ཏུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གཞུག་ཏུ་དཔལ་འབྱོར་གྱི་དཀའ་ངལ་སེལ་ཐབས་སུ་རོགས་དངུལ་སྤྲོད་ཕྱོགས་ལ་གྲོས་མཐུན་ཞིག་མ་བྱུང་བར་དེ་རིང་གཟའ་ཟླ་བའི་བར་དུ་ལྷན་ཚོགས་ཕར་འགྱངས་གནང་དགོས་བྱུང་ཡོད་ཅིང་།གྲོས་མོལ་སྐབས་སུ་གཙོ་བོ་དཔལ་འབྱོར་ཡར་ཐོན་གྱི་རྒྱལ་ཁབ་ཁག་སྟེ། ཡུ་རོབ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་དང་རིམས་ནད་འགོས་ཁྱབ་ཆེན་པོ་བྱུང་བའི་ཡུལ་གྲུ་ཁག་སྟེ། ཡུ་རོབ་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གྲོས་མཐུན་བྱུང་མེད་པ་སོགས་ཀྱི་སྐོར། གནས་ཚུལ་ཐོན་པ་ཁག་པ་སངས་དབྱངས་སྐྱིད་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG