ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨི་ཇེབྜིའི་འགྲུལ་བསྐྱེལ་གནམ་གྲུ་ལ་བརྡབ་སྐྱོན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ད་རིང་པེ་རིས་ནས་ཨི་ཇེབྜིའི་རྒྱལ་ས་ཁེ་རོར་འཕུར་མཁན་འགྲུལ་བསྐྱེལ་གནམ་གྲུ་ཞིག་ལ་སྐྱོན་ཆག་བྱུང་ནས་མེ་ཌི་ཀྲེ་རི་ནི་ཡན་མཚོའི་ནང་ཟག་འདུག་ཀྱང་། གཞུང་འབྲེལ་མི་སྣ་ཚོས་གནམ་གྲུ་བརྡབ་སྐྱོན་བྱུང་བའི་རྐྱེན་འཕྲུལ་འཁོར་ལ་སྐྱོན་བྱུང་ནས་ཡིན་དང་། ཡང་ན་འཇིགས་བསྐུལ་དྲག་སྤྱོད་པས་གཏོར་རྒོལ་གྱིས་བྱུང་ཡོད་མེད་ད་ལྟ་གསལ་པོ་གང་ཡང་གསུངས་ཐུབ་ཀྱི་འདུག་ཅེས་གསུངས་ཡོད་པ་རེད། ཕྷི་རན་སིའི་སྲིད་འཛིན་ཕྷི་རན་ཤིའོ་ ཨོ་ལན་ཌེས་ རེས་གཟའ་ཕུར་བུའི་ཉིན་པེ་རིས་ནས་ཨི་ཇེབྜི་རྒྱལ་ས་ཀེ་རོ་ལ་ཡོང་མཁན་འགྲུལ་བསྐྱེལ་གནམ་གྲུ་དེར་བརྡབ་སྐྱོན་བྱུང་འདུག་ཅེས་གསུངས་འདུག ཁོང་གིས་བརྙན་འཕྲིན་ཐོག་གསུང་དོན་ལ་ གནམ་གྲུ་བརྡབ་སྐྱོན་བྱུང་རྐྱེན་གང་ཡིན་ད་ལྟ་གསལ་པོ་ཤེས་པ་བྱེད་དགོས་པ་དེ་གལ་ཆེན་པོ་ཡིན་པ་དང་། འབྱུང་རྐྱེན་གང་ཡིན་ཚོད་དཔག་བྱས་ན་འགྲིགས་ཀྱི་མ་རེད་ཅེས་འགྲེལ་བརྗོད་གནང་འདུག འོན་ཀྱང་ཞིབ་འཇུག་པ་མང་ཆེ་བས་ཨི་ཇེཔྜ་ཀྱི་འགྲུལ་བསྐྱེལ་གནམ་གྲུ་དེར་འཇིགས་བསྐུལ་དྲག་སྤྱོད་པས་གཏོར་རྒོལ་བྱས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། གནམ་གྲུ་འཚོལ་ཞིབ་བྱེད་མཁན་མེ་ཌི་ཀྲེ་རི་ཡན་མཚོའི་ནང་འཚོལ་ཞིག་ཀྱི་ལས་དོན་བྱེད་བཞིན་ཡོད་པ་རེད།

XS
SM
MD
LG