ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨི་ཇེབ་ཀྱི་ངོ་རྒོལ་དང་སྲིད་འཛིན་མུ་བྷ་རག་གི་ལངས་ཕྱོགས་ཇེ་མཁྲེགས།


གཟའ་ཕུར་བུའི་ཉིན་ཨི་ཇེབ་མི་དམངས་དང་འཛམ་གླིང་ཡུལ་གྲུ་ཁག་གི་སྲིད་དོན་དཔྱད་ཞིབ་པ། ཨ་མི་རི་ཀའི་དབུས་གསང་བའི་ལས་ཁང་གི་འགན་འཛིན་སོགས་བཅས་ཀྱིས་སྲིད་འཛིན་མུ་བྷ་རག་ཡིས་རང་གི་ལས་གནས་ནས་གཞུང་བ་ཞུ་རྒྱུའི་ཚོད་དཔག་བྱས་དང་། ད་དུང་ཨི་ཇེབ་ཀྱི་དམག་གི་མགྲིན་ཚབ་པ་ཞིག་གིས་ཀྱང་སྲིད་འཛིན་མུ་བྷ་རག་ཡིས་གཏམ་བཤད་གལ་ཆེ་ཞིག་བྱ་འཆར་ཡོད་པ་སྲིད་གཞུང་ལ་འཕོ་འགྱུར་འགྲོ་རྒྱུའི་གཏམ་བཤད་ཅིག་ཡིན་སྲིད་པའི་བརྡ་ཞིག་བཏང་སྟེ། ཨི་ཇེབ་ཀྱི་མི་མང་ཁྲི་ཚོ་མང་པོས་སྲིད་འཛིན་མུ་བྷ་རག་ཡི་གཏམ་བཤད་དེ་སྲིད་འཛིན་གྱི་ལས་གནས་ནས་གནང་བ་ཞུ་རྒྱུའི་གཏམ་བཤད་ཡིན་པའི་ཚོད་དཔག་བྱས་པ་དང་། མི་མང་ངོ་རྒོལ་བྱེད་མཁན་ཁག་ཅིག་གིས་ཨི་ཇེབ་ལ་རང་དབང་གི་དུས་སྐབས་གསར་པ་ཞིག་འགོ་ཚུགས་པ་རེད་ཅེས་དགའ་སྟོན་བྱེད་འགོ་ཚུགས་རུང་། སྲིད་འཛིན་མུ་བྷ་རག་ཡིས་རང་ཉིད་བསྐྱར་དུ་སྲིད་འཛིན་འོས་འདེམས་ལ་མཉམ་ཞུགས་བྱེད་འདོད་མེད་པ་དང་། ཁོང་གིས་ལོ་འདིའི་ཕྱི་ཟླ་༩་བར་དུ་སྲིད་དབང་བཟུང་ནས་ཨི་ཇེབ་ཀྱི་སྲིད་འཛིན་གཞོན་པའི་འགོ་ཁྲིད་འོག མ་འོངས་པའི་ཟླ་བ་༨་ཀྱི་རིང་དེར་ཨི་ཇེབ་ལ་རྩ་ཁྲིམས་གསར་པ་ཞིག་གཏན་འབེབས་བྱེད་དགོས་པ་དང་། ཁོང་ལ་གཞུང་འཛིན་ཚོགས་པ་བརྟན་པོ་ཞིག་གི་ལག་ཏུ་སྲིད་དབང་རྩིས་བྱེད་དགོས་པའི་ལས་འགན་ཡོད་ཅེས་རྒྱུ་མཚན་བགྲངས་ཏེ། སྲིད་འཛིན་མུ་བྷ་རག་རང་གི་ལས་གནས་ནས་གནང་བ་ཞུས་མེད་པ་རེད།

XS
SM
MD
LG