ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨི་ཇེབ་ཀྱི་དམག་གི་འགོ་ཁྲིད་ཚོར་འཕོ་འགྱུར།


ཨི་ཇེབ་ཀྱི་སྲིད་འཛིན་མོར་སི་ཡིས་རྒྱལ་སྲུང་བློན་ཆེན་དམག་སྤྱི་ཆེན་མོ་ཐན་ཏ་ཝི་དང་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ས་མི་ཨ་ནན་གཉིས་གནས་དབྱུང་བཏང་སྟེ། ཨི་ཇེབ་གཞུང་གི་མགྲིན་ཚབ་པ་ཡ་སར་ཨ་ལི་ཡིས་སྲིད་འཛིན་མོར་སི་ཡིས་རྒྱལ་སྲུང་བློན་ཆེན་དང་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་གསར་པ་གཉིས་བསྐོ་བཞག་བྱས་པའི་གནས་ཚུལ་དེ་ཁྱབ་བསྒྲགས་བྱས་དོན། སྲིད་འཛིན་མོར་སི་ཡིས་མོཧ་མུད་མེ་ཁི་སྲིད་འཛིན་གཞོན་པར་བསྐོ་བཞག་བྱས་པ་དང་། རྒྱལ་སྲུང་བློན་ཆེན་ཐན་ཏ་ཝི་དང་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ས་མི་ཨ་ནན་གཉིས་རང་གི་ལས་གནས་ནས་གནང་བ་ཞུ་དགོས་པའི་བཀའ་སོང་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་རེད། ཁ་སྔོན་ཕྱི་ཟླ་༦་ནང་ཨི་ཇེབ་ཀྱི་དམག་གི་འགོ་ཁྲིད་ཚོས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་སྒྱུར་བཅོས་བཏང་སྟེ། ཨི་ཇེབ་ཀྱི་དམག་ལ་དབང་ཚད་ཆེན་པོ་ཡོད་པའི་བཅའ་ཁྲིམསདེར་རྩིས་མེད་བཏང་བ་དང་། ཨི་ཇེབ་ཀྱི་བརྙན་འཕྲིན་ནང་དུ་སྲིད་འཛིན་མོར་སི་ཡིས་ཨབ་ཌེལ་ཧྥ་ཏ་ཨལ་ཨ་སི་སི་རྒྱལ་སྲུང་བློན་ཆེན་གསར་པར་བསྐོ་བཞག་བྱས་ཏེ་ལས་ཁུར་དམ་བཅའ་བཞག་དོན། ངས་རྒྱལ་ཁབ་དང་སྲིད་འཛིན་གྱི་འཛིན་སྐྱོང་ལམ་ལུགས་གཉིས་ལ་སྲུང་སྐྱོབ་བྱེད་རྒྱུ་དང་། ཨི་ཇེབ་ཀྱི་རྩ་ཁྲིམས་དང་ཁྲིམས་ལ་བརྩི་བཀུར། མི་མང་གི་ཁེ་ཕན་དང་རྒྱལ་ཁབ་ཀྱི་མཐའ་མཚམས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཞེས་ཁས་བླངས་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG