ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨི་ཇེབ་ཀྱི་ཁ་ཆེ་ཕུ་ནུ་ཚོགས་པའི་ཆོས་ལུགས་དབུ་ཁྲིད་འཛིན་བཟུང་།


ཨི་ཇེབ་ཀྱི་ནང་སྲིད་ལྷན་ཁང་གིས་ཁ་ཆེ་ཕུ་ནུ་ཚོགས་པའི་ཆོས་ལུགས་དབུ་ཁྲིད། མོཧ་མེཏ་བྷ་དྷ་ཡེ་འཛིན་བཟུང་བྱས་པའི་བརྙན་པར་ངོ་དེབ་བརྒྱུད་ནས་ཁྱབ་བསྒྲགས་བྱས་ཡོད་པ་དང་། ད་ལྟ་ཨི་ཇེབ་ཀྱི་ཁ་ཆེ་ཕུ་ནུ་ཚོགས་པས་རང་གི་སྒྲིག་འཛུགས་དེའི་ཆོས་ལུགས་དབུ་ཁྲིད་གཞོན་པ་མོཧ་མུཏ་ཨེ་ཟཏ་ཚོགས་པ་དེའི་ཆོས་ལུགས་དབུ་ཁྲིད་གསར་པར་བསྐོ་བཞག་བྱས་འདུག སྐུ་ཞབས་ཨེ་ཟཏ་ཆེད་ལས་སྨན་པ་དང་༡༩༤༤་ལོར་ཨི་ཇེབ་ཀྱི་རྒྱལ་ས་ཁེ་རོ་གྲོང་ཁྱེར་དུ་སྐྱེས་ཤིང་། ཁོང་ངོ་རྒོལ་ཁྲོམ་སྐོར་རིམ་པ་ཞིག་ལ་མཉམ་ཞུགས་བྱས་ནས་ཨི་ཇེབ་གཞུང་གིས་འཛིན་བཟུང་ཐེངས་འགའ་ཞིག་བྱས་མྱོང་ཡོད་པ་དང་། དེ་རིང་ཕྱི་ཟླ་༨་ཚེས་༢༠་ཉིན་ཨི་ཇེབ་ཀྱི་གཞུང་འབྲེལ་མི་སྣ་ཚོས་ཨལ་རྗེ་ཛི་ར་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། ཁ་ཆེ་ཕུ་ནུ་ཚོགས་པའི་ཆོས་ལུགས་དབུ་ཁྲིད་ཏོ་ར་བཙོན་ཁང་དུ་ཁྲིད་ཡོད་པ་དང་། བཙོན་ཁང་དེར་ཨི་ཇེབ་ཀྱི་གྱེན་ལངས་གསར་བརྗེའི་སྐབས་སུ་མགོ་རྟིང་སློག་པའི་སྲིད་འཛིན་ཟུར་པ་ཧོ་སེ་ཎི་མུ་བྷ་རཀ་སོགས་ཨི་ཇེབ་ཀྱི་མཐོ་རིམ་འགོ་ཁྲིད་ཁག་ཅིག་བཙོན་འཇུག་བྱས་ཡོད་པ་རེད།
XS
SM
MD
LG