ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
སྐད་ཡིག
Tibetan English
འཚོལ།
འཚོལ།
རླུང་འཕྲིན་གྱི་ལེ་ཚན་ཁག
དྲྭ་ལམ་བརྒྱུད་བརྙན་འཕྲིན།
མདུན་ངོས།
བོད།
ཨ་རི།
རྒྱ་ནག
འཛམ་གླིང་།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
དཔེ་ཀློག
དེ་ལས་མང་བ།
Tibetan English
ལེ་ཚན་གསར་ཤོས།
བརྙན་འཕྲིན་འཕར་མ།
ཀུན་གླེང་།
ཀུན་གླེང་གསར་འགྱུར།
དྲ་སྣང་གི་བོད།
དྲ་བརྙན་གླེང་མོལ།
དྲ་བརྙན་གསར་འགྱུར།
དཀར་ཆགས་ཤོག་ངོས།
ཨ་རིའི་རླུང་འཕྲིན་ཁང་གི་ལས་རིམ།
ཐད་གཏོང་གསན་ན།
ཐད་གཏོང་།
ཨ་རིའི་རླུང་འཕྲིན་ཁང་གི་ལས་རིམ།
རྗེས་མ།
༠༨:༠༠ - ༠༩:༠༠
སྔ་དྲོའི་རླུང་འཕྲིན།
༢༢:༠༠ - ༢༣:༠༠
དགོང་དྲོའི་རླུང་འཕྲིན།
དེ་ལས་མང་བའི་རླུང་འཕྲིན་ལེ་ཚན།
སྔ་དྲོའི་རླུང་འཕྲིན།
འཚོལ།
འཚོལ།
སྔོན་མ།
རྗེས་མ།
Breaking News
སྔོན་མ།
རྗེས་མ།
྆྆྆རླུང་འཕྲིན་ཐད་གཏོང་།
ཨ་རིའི་རླུང་འཕྲིན་ཁང་གི་ལས་རིམ།
བོད།
བོད་ཀྱི་དཀར་མཛེས་དང་རྫ་ཆུ་ཁའི་ཕྱོགས་སུ་ས་འགུལ།
༠༢།༠༤།༢༠༢༠
བོད་ཀྱི་དཀར་མཛེས་དང་རྫ་ཆུ་ཁའི་ཕྱོགས་སུ་ས་འགུལ།
པར་འདེབས་པ།
Embed
share
བོད་ཀྱི་དཀར་མཛེས་དང་རྫ་ཆུ་ཁའི་ཕྱོགས་སུ་ས་འགུལ།
by
ཝི་ཨོ་ཨེ།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:03:27
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
༄༅།། དེང་སྐབས་རྒྱ་ནག་གཞུང་གིས་ཆ་བགོ་བྱེད་ཡོད་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་རྫ་ཆུ་ཁའི་ཕྱོགས་སུ་ས་འགུལ་བརྒྱུགས་ཏེ་རོང་འབྲོག་མང་ཚོགས་ཀྱི་ཁང་པར་གས་སྲུབས་བྱུང་བ་དང་མི་མང་པོ་ཞིག་གནས་སྐབས་རིང་གུར་བརྒྱབ་སྡེ་ཕྱི་ལོགས་སུ་བསྡད་ཡོད་པའི་གནས་ཚུལ་ཐོན་འདུག
ས་གནས་དེའི་བོད་པ་ཁག་ཅིག་ལ་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་བཅར་འདྲི་ཞུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ས་འགུལ་རྒྱུག་ཡུལ་ནི་སི་ཁྲོན་ཞིང་ཆེན་ཁོངས་སུ་བཅུག་པའི་དཀར་མཛེས་ཁུལ་དང་སྡེ་དགེ་རྫོང་། ཧྲི་ཆུ་རྫོང་བཅས་ཡིན་རུང་མི་ལ་སྲོག་སྐྱོན་དང་དཔལ་འབྱོར་གྱི་གྱོང་གུད་ཆེན་པོ་ཐེབས་མེད་ཅིང་། མང་ཚོགས་ཀྱི་ཁང་པར་གས་སྲུབས་ཤོར་འདུག བོད་པ་རོང་འབྲོག་གཉིས་ཀྱི་ནང་གི་འབྲོག་ཕྱོགས་སུ་ཁང་པ་མང་པོ་ཞིག་ལ་གས་སྲུབས་ཤོར་ཀྱང་ཁང་པ་འཐོར་ཞིག་སོང་བའི་གནས་ཚུལ་བྱུང་མི་འདུག གློ་བུར་དུ་ས་འགུལ་བརྒྱུགས་པའི་རྐྱེན་གྱིས་མི་མང་ལ་སྐྲག་སྣང་ཆེན་པོ་ཞིག་བྱུང་སོང་ཞེས་འགྲེལ་བཤད་བརྒྱབ་སོང་།
ས་གནས་དེའི་འབྲེལ་ཡོད་མི་སྣ་གཞན་ཞིག་གིས་ཐེངས་འདིའི་ས་འགུལ་དེས་སྐྱོན་འབྱུང་ཡུལ་ནི་རྫ་ཆུ་ཁའི་ཕྱོགས་ཀྱི་དབོན་པོ་རྫོང་དང་འབྱོམ་རྫ། ཨ་རིག་རྫ། འབྱོམ་རྫ་གོང་མ་བཅས་ལ་གནོད་སྐྱོན་ཅུང་ཟད་ཐེབས་ཀྱང་མི་ལ་སྲོག་སྐྱོན་བྱུང་བ་སོགས་ཀྱི་གནས་ཚུལ་ནི་གནས་སྐབས་རིང་ཅི་ཡང་མཐོང་ཐོས་བྱུང་མ་སོང་། དེ་རིང་ཕྱི་ཚེས་༢་ནས་བཟུང་སྟེ་གོང་གི་ས་གནས་ཁག་གི་རོང་འབྲོག་མང་ཚོགས་རྣམས་ཁང་པའི་ནང་དུ་འདུག་མ་ཕོད་པར་གུར་བརྒྱབ་ནས་ཕྱི་ལོགས་སུ་གནས་སྤོར་བྱས་འདུག གཙོ་བོ་རྒྱལ་ཁབ་ཀྱི་ས་འགུལ་བརྟག་དཔྱད་ཁང་གིས་བཤད་ན་ད་དུང་ཡང་ས་འགུལ་ཞིག་བརྒྱུག་ཉེན་ཆེ་ཟེར་གྱི་འདུག་པས་ཕྱི་ལོགས་སུ་བསྡད་ཡོད་ཅེས་བཤད་བྱུང་།
རྫ་ཆུ་ཁའི་ཕྱོགས་ཀྱི་རྫོང་སྡེ་ཁག་ལ་ས་འགུལ་གྱི་གནོད་སྐྱོན་ཆེན་པོ་ཐེབས་མེད་ཀྱང་མང་ཚོགས་ཀྱི་ཁང་པར་གས་སྲུབས་ཤོར་ཡོད་མེད་ལ་བརྟག་དཔྱད་བྱས་ཏེ་རྒྱལ་ཁབ་ཀྱི་ལས་བྱེད་པ་འགའ་འགྲོ་འོང་བྱེད་ཀྱི་འདུག་ཅེས་འགྲེལ་བརྗོད་བྱས་སོང་། གཞན་ཡང་སྤྱི་ཚོགས་དྲྭ་ལམ་ཁག་དུ་གནས་ཚུལ་སྤེལ་བ་ལྟར་ན། རྫ་ཆུ་ཁའི་འབྲེལ་ཡོད་སྡེ་ཁག་གིས་ས་འགུལ་མུ་མཐུད་དུ་བརྒྱུག་རྒྱུའི་སྔོན་དཔག་བྱེད་ཀྱི་ཡོད་པར་མ་ཟད། ཡུལ་མི་རྣམས་ཁྱིམ་དུ་ཉལ་མི་ཉན་པར་ཕྱི་ལོགས་སུ་ཉལ་དགོས་བའི་ཁྱབ་བསྒྲགས་བྱེད་བཞིན་འདུག ཐེངས་འདིའི་ས་ཡོམ་གྱི་འགུལ་ཚད་ནི་རིམ་པ་༥་དང་གྲངས་ཆུང་༦་རེད་ཟེར་གྱིན་འདུག་ཅེས་བཀོད་འདུག
དྲ་ཐོག་ཏུ་ལྟ་མཁན་མང་ཤོས།
དྲ་ཐོག་ཏུ་ལྟ་མཁན་མང་ཤོས།
༡
ཕྱི་སྲིད་དྲུང་ཆེ་གསར་པས་རྒྱ་ནག་ལ་འཛིན་པའི་ཐབས་ཇུས།
༢
བོད་པའི་གྲྭ་པ་ཞིག་ལ་རྡུང་རྡེག་ཕོག་ནས་འདས་གྲོངས།
༣
གྲྭ་བསྟན་འཛིན་ཉི་མར་མནར་གཅོད་བཏང་སྟེ་འདས་གྲོངས།
བརྙན་འཕྲིན་གཟིགས་མཁན་མང་ཤོས།
༡
བོད་པ་ཨ་རི་བ་ཞིག་གི་སྲིད་འཛིན་དམ་འབུལ་མཛད་སྒོའི་ཚོར་སྣང་།
༢
དྲ་སྣང་གི་བོད། ༢༠༢༡ ཟླ་༡ ཚེས་༢༢
༣
ཀུན་གླེང་གསར་འགྱུར། ༢༠༢༡ ཟླ་༡ ཚེས་༡༥
རླུང་འཕྲིན་གསན་མཁན་མང་ཤོས།
༡
ཕྱི་སྲིད་དྲུང་ཆེ་གསར་པས་རྒྱ་ནག་ལ་འཛིན་པའི་ཐབས་ཇུས།
༢
སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་སྤྱི་ཚོགས་དྲྭ་རྒྱ་བཀོལ་སྦྱོད་ཀྱི་ཤུགས་རྐྱེན།
༣
ཨ་མི་རི་ཀས་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས་པ།
༤
རྫ་དབོན་པོ་དགོན་ནས་གྲྭ་བ་བཞི་འཛིན་བཟུང་བཀག་ཉར་བྱས་འདུག
༥
གྲྭ་བསྟན་འཛིན་ཉི་མར་མནར་གཅོད་བཏང་སྟེ་འདས་གྲོངས།
Adobe flash Player སྟོན་སྟངས།
Embed
share
༧གོང་ས་མཆོག་གིས་བྷ་ཌན་གྱི་ཁྲི་སྟོན་མཛད་སྒོར་རྟེན་འབྲེལ་ཞུས་པ།
Embed
share
The code has been copied to your clipboard.
width
px
height
px
The URL has been copied to your clipboard
No media source currently available
0:00
0:03:58
0:00
༧གོང་ས་མཆོག་གིས་བྷ་ཌན་གྱི་ཁྲི་སྟོན་མཛད་སྒོར་རྟེན་འབྲེལ་ཞུས་པ།
འདི་ལ་དགའ་པོ་ཡོང་སྲིད།
ན་གཞོན་གོམ་བགྲོད་པ་གཉིས་པོ་ཉིན་ཤས་ནང་སྣ་ཐོད་ལར་འབྱོར་གྱི་འདུག .
རྒྱ་དཀར་ནག་གཉིས་ཀྱི་དམག་དཔོན་ཚོས་གྲོས་མོལ་སྐོར་ཐེངས་དགུ་པ་བྱས།
ཨ་མི་རི་ཀས་ཐེ་ཝན་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས་པ།
འབྲི་རུ་སྟར་མོས་དགོན་གྱི་དགེ་རྒན་འཛིན་བཟུང་བྱས་རྗེས་གྲ་ཞུགས་ཉུང་དུ་སོང་།
རུ་སུའི་ནང་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོར་དྲག་གནོན།
རྫ་དབོན་པོ་དགོན་ནས་གྲྭ་བ་བཞི་འཛིན་བཟུང་བཀག་ཉར་བྱས་འདུག
Back to top
XS
SM
MD
LG