ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༤/༡༨

རྫོགས་ཆེན་དགོན་པར་རྒྱལ་བའི་ཞབས་བརྟན་འཚོག་བཞིན་པ།


བོད་མདོ་ཁམས་རྫོགས་ཆེན་དགོན་པར་༧གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེར་ཞབས་བརྟན་གསོལ་འདེབས་ཀྱི་ཚོགས་ཆེན་ཞིག་འགོ་ཚུགས་ཏེ། ད་ལོའི་ཚོགས་ཐེངས་དེའི་སྐབས་སུ་ཁམས་ཕྱོགས་ནས། ཆོས་རྒྱུད་དབྱེར་མེད་ཀྱི་དགེ་འདུན་པ་ཞལ་གྲངས་ཁྲི་གཅིག་དང་སྟོང་ལྔ་ལྷག་མཉམ་འཛོམས་བྱུང་སྟེ་ཉིན་གསུམ་རིང་འཚོག་ཀྱིན་ཡོད་པ་དང་ ཡང་ད་ལོ་༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་དང་འབྲེལ་ད་བར་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རང་ལུས་མེར་བསྲེགས་བཏང་བ་ཚོའི་ཆེད་དུ་བསྔོ་སྨོན་མཆོད་འབུལ་ཡང་རྒྱ་ཆེར་གནང་གིན་པའི་སྐོར་ལ་ཚེ་རིང་སྐྱིད་ཀྱིས་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་ཏེ་སྙན་སྒྲོན་ཞུ་གནང་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG