ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་རིགས་ལས་འགུལ་བ་ཚོའི་གདམ་གསེས་དང་འཐབ་རྩོད།


རྒྱ་ནག་གཞུང་གི་སྲིད་ཇུས་ལ་ཁ་གཏད་དུ་ལངས་ཏེ། དམངས་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་བཅས་པའི་དོན་གཉེར་བྱེད་མཁན་རྒྱ་རིགས་ལས་འགུལ་བ་ཚོས། རང་ཉིད་དང་ནང་མིའི་བདེ་འཇགས་ཀྱི་ཆེད་དུ་ཕྱི་རྒྱལ་ལ་སྐྱབས་བཅོལ་དུ་ཡོང་གི་ཡོད་པའི་རྐྱེན་གྱིས་ཁོ་ཚོའི་འཐབ་རྩོད་ཀྱི་ནུས་པ་ཇེ་ཞན་དུ་འགྲོ་གི་ཡོད་འདུག་ལ། རྒྱུ་མཚན་འདི་ལ་བརྟེན་ནས་རྒྱ་ནག་གཞུང་གིས་ཀྱང་། རྒྱ་རིགས་ལས་འགུལ་བ་ཚོ་རྒྱང་ཕུད་དུ་གཏོང་བའི་སྲིད་ཇུས་ཤིག་བཟུང་མྱོང་བ་རེད། ལས་འགུལ་བ་ཚོ་ཕྱི་རྒྱལ་དུ་སྐྱབས་བཅོལ་ལ་སླེབས་པའི་རྗེས། བསྐྱར་དུ་རྒྱ་ནག་མི་མང་དང་ཐད་ཀར་འབྲེལ་བ་བྱ་ཐབས་མེད་པས་ཁོ་ཚོའི་ལས་འགུལ་དང་འཐབ་རྩོད་ཀྱི་ནུས་པ་ཇེ་ཆུང་དུ་འགྲོ་གིན་ཡོད་འདུག ཅིང་ ཡིན་ན་ཡང་ད་ལྟ་དྲ་རྒྱའི་བརྒྱུད་ལམ་གྱིས་ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཚོས་རྒྱ་ནག་མི་མང་དང་འབྲེལ་བ་བསྐྱར་མཐུད་བྱེད་ཐུབ་ཀྱིན་ཡོད་པ་དང་། ཡང་ཕྱི་ལོགས་ཀྱི་རྒྱ་རིགས་ལས་འགུལ་བ་ཚོས་དྲ་རྒྱ་བརྒྱུད་དེ་རྒྱ་ནག་ནང་གཏམ་བཤད་བྱེད་ཐུབ་ཀྱི་ཡོད་པ་བཅས་ཀྱི་སྐོར་ལ་ཚེ་རིང་སྐྱིད་ཀྱིས་ཕྱོགས་སྒྲིག་གིས་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG