ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༢/༠༧

བོད་པ་ཚོས་ནད་དུག་ལ་འཛེན་ཟོན་བྱ་དགོས་པའི་ནན་སྐུལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༡༡་པའི་ཚེས་༢༦་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་ཏོག་དབྱིབས་ནད་དུག་གི་གསར་འགོད་གསལ་བསྒྲགས་སྐབས་སུ་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་ད་ལྟའི་དུས་སྐབས་འདིར་རྒྱ་གར་དང་འཛམ་གླིང་གི་རྒྱལ་ཁབ་གང་སར་གནམ་གཤིས་ཇེ་གྲང་དུ་འགྲོ་བ་དང་དུས་ཆེན་མང་དག་ཅིག་སླེབས་ཀྱི་ཡོད་པས་ནད་ཡམས་སྔོན་འགོག་གི་ཚུལ་ཁྲིམས་རྣམས་ཚུལ་བཞིན་བསྲུང་དགོས་པར་མ་ཟད། རང་སྲོག་འབེན་ལ་བཙུགས་ནས་གཞན་གྱི་ཚེ་སྲོག་སྐྱོབ་པར་ནད་ཡམས་ཀྱི་མདུན་དུ་སྐྱོད་མཁན་སྨན་པ་དང་སྨན་ཞབས་པ་སོགས་ཀྱི་རླབས་ཆེ་བའི་བློས་གཏོང་ལ་ཡི་རངས་དང་བཀའ་དྲིན་བསམ་ཤེས་བྱ་དགོས་ཞེས་ནན་བརྗོད་བྱས་ཡོད་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG