ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྡ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྡ་རམ་ས་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དང་སྒྲུང་གློག་བརྙན་གཉིས་མཉམ་འབྲེལ་གྱིས་བོད་པ་ཁོ་ནས་བཟོ་སྐྲུན་བྱས་པའི་གློག་བརྙན་ཁག་༣༠་ཐམ་པ་དྲྭ་ལམ་དུ་རིན་པ་སྤྲད་ནས་ཕྱི་ཚེས་༣་ནས་ཚེས་༡༣་བར་དུ་བོད་ཀྱི་གློག་བརྙན་དྲྭ་ཚིགས་ཞེས་པ་དེར་སྟོན་འགོ་ཚུགས་འདུག

རྡ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གསར་འཛུགས་པ་དང་འཁྲབ་ཁྲིད་པ་གྲགས་ཅན་བསྟན་འཛིན་བསོད་ནམས་ཀྱིས་དེ་རིང་ནས་གློག་བརྙན་གཟིགས་འབུལ་ཞུ་རྒྱུའི་ཁུངས་སུ་བོད་དུ་བཟོ་སྐྲུན་བྱས་པའི་གློག་བརྙན་རྣམས་གཟིགས་འབུལ་ཞུ་འདོད་ཡོད་ཀྱང་ཆབ་སྲིད་ཀྱི་དཀའ་ངལ་ལ་བརྟེན་ནས་སྡིངས་ཆ་འདིའི་ཐོག་ཏུ་བོད་ནང་གི་བོད་པ་ཚོས་བཟོས་པའི་གློག་བརྙན་རྣམས་གཟིགས་འབུལ་ཞུ་ཐུབ་མ་སོང་ཞེས་བསྒྲགས།།

སྒྲུང་གློག་བརྙན་ཞེས་པ་ནི་བོད་པ་གློག་བརྙན་བཟོ་སྐྲུན་པ་བསྟན་འཛིན་ཚེ་བརྟན་དང་བསྟན་འཛིན་སྐལ་ལྡན། བསོད་ནམས་ཚེ་བརྟན་གསུམ་མཉམ་རུབ་ཀྱིས་ལོ་འདིར་བཞུགས་སྒར་རྡ་རམ་ས་ལར་གསར་དུ་བཙུགས་པའི་གློག་བརྙན་བཟོ་སྐྲུན་ཁང་ཞིག་ཡིན་ཞིང་། བསོད་ནམས་ཚེ་བརྟན་གྱིས་ཚོགས་པ་དེའི་དམིགས་ཡུལ་གཙོ་བོ་ནི་བོད་པའི་སྒྱུ་རྩལ་གྱི་ལས་རིགས་རྣམས་གོང་འཕེལ་གཏོང་ཐབས་དང་བོད་པས་བཟོ་སྐྲུན་བྱས་པའི་གློག་བརྙན་རྣམས་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏུ་སླེབས་ཐུབ་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཀྲལ།། བོད་ཀྱི་གློག་བརྙན་དྲྭ་ཚིགས་ཞེས་པའི་སྡིངས་ཆ་འདི་བོད་པ་གློག་བརྙན་བཟོ་སྐྲུན་པ་ཚོར་རྒྱབ་སྐྱོར་འཐོབ་ཐབས་དང་བོད་པའི་སྤྱི་ཚོགས་སུ་གློག་བརྙན་སྒྱུ་རྩལ་ལ་དོ་སྣང་ཆེ་རུ་འགྲོ་བའི་དོན་དུ་གསར་སྐྲུན་བྱས་པ་ཞིག་ཡིན་པ་བཅས་ཀྱི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG