ངོ་འཕྲད་བདེ་བའི་དྲ་འབྲེལ།

ཁྱུང་ཆུ་ས་ཁུལ་གྱི་གནམ་ཐང་གསར་རྒྱག་གི་དཀའ་ངལ།


བོད་མདོ་སྨད་ཁྱུང་ཆུ་རྫོང་ལུང་བཟང་སྡེ་བར་གནམ་ཐང་གསར་རྒྱག་གི་འཛུགས་བསྐྲུན་ལས་གཞིའི་ཁྲོད་དུ་ས་གནས་འབྲོག་པ་མང་ཚོགས་ཀྱི་སྒོ་ཕྱུགས་ཤི་རྨས་ཚབས་ཆེ་ཡོང་བཞིན་པར་བརྟེན་ས་གནས་མང་ཚོགས་ཀྱིས་ས་གནས་སྲིད་གཞུང་ལ་གནམ་ཐང་འཛུགས་བསྐྲུན་ལས་གཞི་མཚམས་འཇོག་བྱ་དགོས་པའི་དགོས་འདུན་བཏོན་ཡང་། ཁ་ཡ་བྱེད་མཁན་མ་བྱུང་བས། ད་ལྟ་ས་གནས་མང་ཚོགས་ཨུ་ཐུག་ཐབས་ཟད་དུ་གྱུར་ཡོད་པ་རེད། གནས་ཚུལ་འདིའི་སྐོར་ལ་ཚེ་རིང་སྐྱིད་ཀྱིས་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་ཏེ་གནས་ཚུལ་ཕྱོགས་སྒྲིག་བྱེད་ཡོད།
XS
SM
MD
LG