ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་སྐུ་ཚབ་བསྐོ་བཞག


2019 11
2019 11
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཕྱི་ཟླ་༡༠་ཚེས་༡༤་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕིའོ་ཡིས་ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་སྐུ་ཚབ་བསྐོ་བཞག་བྱས་འདུག དེ་ཡང་ཕྱི་སྲིད་དྲུང་ཆེའི་གསར་འགོད་གསལ་བསྒྲགས་དེར་འཁོད་དོན། ཨ་རིའི་འགྲོ་བ་མིའི་ཐོབ་ཐང་དང་ལས་རྩོལ་ཁང་གི་དྲུང་ཆེའི་ཕྱག་རོགས་རོ་བྷར་ཊི་ཌེ་སི་ཊི་རོ་བོད་དོན་དམིགས་བསལ་སྐུ་ཚབ་ལ་བསྐོ་བཞག་བྱ་རྒྱུ་བྱུང་བར་དགའ་མོས་བྱུང་། འདི་ནི་ཨ་རིའི་གཞུང་གི་བོད་དོན་རྒྱབ་སྐྱོར་ལག་བསྟར་སྲིད་ཇུས་ཀྱི་དགོངས་དོན་ལ་མཐུན་པ་ཞིག་ཡིན་ཞིང་། སྐུ་ཞབས་ཌེ་སི་ཊི་རོ་ཡི་འགོ་ཁྲིད་འོག་ཨ་མི་རི་ཀས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་གམ། ཡང་ན་༧གོང་ས་མཆོག་གི་སྐུ་ཚབ་ལ་གྲོས་མོལ་བྱས་ནས་བོད་དོན་ཐག་གཅོད་བྱ་དགོས་པའི་སྐུལ་ལྕག་གཏོང་དགོས། ཨ་མི་རི་ཀས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་བཅས་པ་སྲུང་སྐྱོབ་བྱ་ཐབས་ལ་འབད་བརྩོན་དང་བོད་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱེད་དུ་འཇུག་ཐབས་བྱེད་བཞིན་ཡོད། ཁོང་གིས་ཨ་མི་རི་ཀས་བོད་པ་བཙན་བྱོལ་བ་ཚོར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སྤྲོད་ཀྱི་ཡོད་པའི་ལས་དོན་ལ་རྒྱབ་སྐྱོར་བྱ་དགོས་པར་མ་ཟད། བོད་མཐོ་སྒང་གི་དཔལ་འབྱོར་དར་འཕེལ་རྒྱུན་འཁྱོངས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ལའང་རྒྱབ་སྐྱོར་དང་ཐུགས་འགན་བཞེས་རྒྱུ་རེད།།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་པ་ཚོར་མིང་དོན་མཚུངས་པའི་རང་སྐྱོང་གི་ཐོབ་ཐང་སྤྲོད་མེད་པ་ཚུད་པའི་དམ་དྲག་མང་དག་ཅིག་བྱེད་ཀྱི་ཡོད་པར་ཨ་མི་རི་ཀ་སྔར་བཞིན་བློ་འཚབ་ཆེན་པོ་ཡོད། བོད་ས་ཁག་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། སྲོལ་རྒྱུན་གྱི་རིག་གཞུང་གཅེས་འཛིན་སོགས་ཀྱི་གནས་སྟངས་རྣམས་སྔར་ལས་ཇེ་སྡུག་འགྲོ་བཞིན་འདུག ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་སྐུ་ཚབ་ཀྱིས་བོད་པའི་འགོ་ཁྲིད་ཚོར་འབྲེལ་གཏུག་དང་རྒྱལ་སྤྱིའི་ཟླ་གྲོགས་ཚོར་མཉམ་འབྲེལ་བྱས་ནས་གོང་གི་གནད་དོན་དེ་དག་སེལ་ཐབས་ཀྱི་འབད་བརྩོན་བྱ་དགོས། ཁོང་གིས་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་གོ་ལའི་ཁྱོན་གྱི་བོད་པའི་ཁ་འཐོར་སྤྱི་ཚོགས་ལ་འབྲེལ་གཏུག་དང་དེ་དག་གིས་སྙིང་སྟོབས་ཆེན་པོས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ངམ། ཡང་ན་དད་མོས་རང་དབང་གི་འཐབ་རྩོད་བྱེད་ཀྱི་ཡོད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རྣམས་རྒྱུན་འཁྱོངས་བྱ་དགོས་ཞེས་བཀོད་ཡོད་པ་རེད།།

XS
SM
MD
LG