ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ལྡི་ལི་མཐོ་སློབ་ཀྱི་བོད་པའི་སློབ་ཕྲུག་ཚོས་བོད་རང་གི་དབང་ཆེད་ཟས་བཅད་ཀྱི་ལས་འགུལ་སྤེལ་བ།


ཉེ་ཆར་བོད་ཨ་མདོ་རྔ་པ་ཁུལ་གྱི་ཀི་རྟི་དགོན་པའི་དགེ་འདུན་པ་བློ་བཟང་ཕུན་ཚོགས་ལགས་ཀྱིས་རྒྱ་ནག་གཞུང་གི་སྲིད་ཇུས་ལ་བཟོད་སྒོམ་མ་ཐུབ་པར་ངོ་རྒོལ་སྐད་འབོད་བྱས་པའི་སྐབས་རང་ལུས་ལ་མེ་སྤར་ནས་རྐྱེན་འདས་སུ་གྱུར་བའི་གནས་ཚུལ་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་བོད་རང་དབང་སློབ་ཕྲུག་ཚོགས་པས་གོ་བསྒྲིགས་བྱས་ཏེ་ལྡི་ལིའི་ནང་མཐོ་སློབ་འགྲིམ་བཞིན་པའི་བོད་པའི་སློབ་ཕྲུག་ཚོས་ལྡི་ལིའི་བསམ་ཡས་གླིང་སྡོད་སྒར་ནང་ཉིན་གཅིག་ཟས་བཅད་ངོ་རྒོལ་དང་ མར་མེ་ཕུལ་ཏེ་སྨོན་ལམ་གསོལ་འདེབས་ཀྱི་བྱེད་སྒོ་ཞིག་སྤེལ་ཡོད་པའི་སྐོར་འདི་ག་བོད་སྐད་སྡེ་ཚན་གྱི་གནས་ཚུལ་མཁོ་གཏོང་བ་ཚེ་རིང་དབང་རྒྱལ་ལགས་ཀྱིས་ས་གནས་ནས་བཏང་པའི་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG