ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྡི་ལི་ནང་གི་དམའ་རིམ་སློབ་གྲྭ་ཁག་སྒོ་བརྒྱབ་རྒྱུ།


རྒྱ་ནག་ཝུ་ཧན་ནས་བྱུང་བའི་གློ་ཚད་རིམས་ནད་ཉེན་ཚབས་ཅན་དེ་ཕྲུ་གུ་ཆུང་ཆུང་ཚོར་མི་འགོ་བའི་སྔོན་འགོག་གི་ཐབས་ལམ་ཞིག་ཏུ་གཟིགས་ནས་ལྡི་ལི་གཞུང་ནས་ས་གནས་ཀྱི་གཞུང་དང་སྒེར་གྱི་དམའ་རིམ་སློབ་གྲྭ་ཁག་ཚང་མ་ཕྱི་ཟླ་༣་ཚེས་༣༡ བར་སྒོ་བརྒྱབ་དགོས་པའི་ལམ་སྟོན་བཀོད་ཁྱབ་གནང་འདུག

Delhi primary schools to shut down due to COVID 19
please wait

No media source currently available

0:00 0:03:19 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

དེ་རིང་ཕྱི་ཟླ་༣་ཚེས་༦ བར་རྒྱ་གར་ནང་གློ་ཚད་རིམས་ནད་དེ་ཕོག་མཁན་ནད་པ་༣༡ ཤེས་རྟོགས་བྱུང་ཡོད་པ་དང་དེའི་ནང་ནས་རྒྱས་ལ་ལྡི་ལིར་ནད་པ་༤ ཐོན་ཡོད་པ་རེད ལྡི་ལིའི་སྤྱི་ཁྱབ་བློན་ཆེན་གཞོན་པManish Sisodia ལགས་ཀྱིས་དམའ་རིམ་སློབ་གྲྭ་སྒོ་བརྒྱབ་རྒྱུའི་གློ་བུར་གྱི་ཐག་གཅོད་འདི་ནི་ཕྲུ་གུ་ཆུང་ཆུང་ཚོར་ན་ཚ་དེ་མི་འགོ་བའི་སྔོན་འགོག་གི་ཐབས་ལམ་ཞིག་ཏུ་གསུངས་འདུག རྒྱལ་ས་ལྡི་ལི་དང་རྒྱ་གར་རྒྱལ་ནང་གི་གསར་ཁང་ཚང་མས་ནད་ཡམས་འདིའི་སྐོར་ལ་གླེང་སློང་ཤུགས་ཆེ་གནང་བཞིན་པའི་སྐབས་འདིར་གསར་འགོད་པས་དེ་རིང་བསམ་ཡང་གླིང་གི་ཁྲོམ་གཞུང་དུ་བསྐྱོད་སྐབས། ནམ་རྒྱུན་དང་མི་འདྲ་བ་ཕྱི་ནང་གི་ཡུལ་བསྐོར་སྤྲོ་འཆམ་པ་དང་འགྲུལ་པ་ཧ་ཅང་ཉུང་དུ་སོང་འདུག མགྲོན་ཁང་སྦྱིན་མཁན་ལ་བཅར་འདྲི་ཞུས་སྐབས་ཕྱི་ནས་ཕེབས་མཁན་ཚང་མས་རང་གི་ནང་མིས་གང་མགྱོགས་ལོག་དགོས་པ་གསུངས་མཁན་ཤ་སྟག་རེད་འདུག་ཅེས་གསུངས་ཀྱི་འདུག

XS
SM
MD
LG