ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རིའི་རྒྱལ་སྲུང་དྲུང་ཆེས་ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་ཐད་བློ་འཚབ།


དེང་སྐབས་རྒྱ་ནག་གིས་ རང་གི་ཁྱིམ་མཚེས་ཡུལ་གྲུ་ཁག་ཁོང་ཁྲོ་སྐྱེ་གཞིའི་བྱ་སྤྱོད་སྤེལ་རྒྱུ་ཤུགས་ཆེ་རུ་གཏོང་བཞིན་པ་དེ་ནི་ རང་ཉིད་གྲོགས་མེད་ཁེར་རྐྱང་དུ་ལུས་གཞིའི་ལྕགས་རི་ཆེན་པོ་ཞིག་བསླངས་པ་དང་ཁྱད་མེད་པ་ལྟ་བུ་ཞིག་ཀྱང་ཆགས་རྒྱུ་རེད་ཅེས་ ཨ་མི་རི་ཀའི་རྒྱལ་སྲུང་ཆེ་སྐུ་ཞབས་ཨེ་ཤི་ཊན་ ཀར་ཊར་གྱིས་གསུངས་ཡོད་ཅིང་ དེ་ཡང་ རེས་གཟའ་པ་སངས་ཉིན་ སྐུ་ཞབས་ཀར་ཊར་གྱིས་ ཨ་མི་རི་ཀའི་མཚོ་དམག་གི་སློབ་ཐོན་མཛད་སྒོ་དབུ་འཛུགས་ཀྱི་གཏམ་བཤད་གནང་བའི་ནང་ ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་གནད་དོན་གཙོ་གནད་དུ་འཛིན་ཏེ་ རྒྱ་ནག་གིས་ཚོང་དོན་རང་དབང་དང་ འཕྲིན་གཏོང་དྲ་ལས་ཀྱི་རང་དབང་ལོངས་སུ་སྤྱོད་རྒྱུའི་འདོད་པ་བྱེད་ཀྱི་ཡོད་ཀྱང་ སྐབས་རེ་རང་དབང་དེ་དག་ལ་སོ་སོ་རང་གིས་དམ་དྲག་བྱེད་ཀྱི་ཡོད་རེད་ཅེས་གསུངས་ཡོད་པ་རེད།

XS
SM
MD
LG