ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

རང་སྐྱོང་དང་རང་བཙན་ཞེས་བརྗོད་ཡག་མེད་པ་བཟོས་ཟིན་པ་རེད་སྲིད་སྐྱོང་གིས་གསུངས་པ།


རེས་གཟའ་པ་སངས་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་གི་ཇོ་ཧ་ལ་ནད་རུ་མཐོ་རིམ་གཙུག་ལག་སླབ་གྲ་ཆེན་མོའི་ནང་བོད་དོན་ཐད་ཀྱི་བགྲོ་གླེང་ཞིག་བྱེད་སྐབས་བགྲོ་གླེང་ནང་བཙན་བྱོལ་བོད་མིའི་དབུས་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་མངོན་འདོད་ གཙོ་བོ་ནི། ༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང་། བོད་ལ་རང་དབང་དགོས་པ། བཅས་དེ་གཉིས་ཡིན་སྐོར་གསུངས་ཡོད། ལྷན་བཞུགས་ཀྱིས་བོད་ཀྱི་རང་སྐྱོང་དང་རང་བཙན་ཞེས་བརྗོད་ཡག་མེད་པ་བཟོས་ཟིན་པ་རེད་ཅེས་གསུངས་ཡོད་པའི་སྐོར་ལྡི་ལི་གསར་པ་ནས་གནས་ཚུལ་མཁོ་གཏོང་བ་ཚེ་རིང་དབང་རྒྱལ་ལགས་ཀྱིས་སྤེལ་བའི་གནས་ཚུལ་ཞིག་གསན་གྱི་རེད།
XS
SM
MD
LG