ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གི་ནང་ས་ཡོམ་བྱུང་སྟེ་མི་ལ་སྲོག་སྐྱོན་བྱུང་བའི་གྲངས་འབོར་འཕར་བ།


རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་གྱི་ནང་ གཏོར་ཚབས་ཤིན་ཏུ་ཆེ་བའི་ས་ཡོམ་འགུལ་ཤུགས་རིམ་པ་བདུན་བྱས་པ་ཞིག་བརྒྱབ་ཡོད་པ་དེའི་ནང་སྲོག་སྐྱོན་བྱུང་བའི་མིའི་གྲངས་འབོར་ཇེ་མཐོར་འཕར་ཏེ་ད་ལྟ་༡༨༨ལ་སླེབས་ཡོད་པ་མ་ཟད་ ད་དུང་ཉི་ཤུ་ལྷག་གར་སོང་ཆ་མེད་དུ་གྱུར་བ་དང་སྟོང་ཕྲག་མང་པོར་རྨས་སྐྱོན་བྱུང་ཡོད་ཅིང་ སྲོག་སྐྱོབ་ལས་དོན་མི་སྣ་ཚོས་མི་འཚོལ་ཞིབ་ཀྱི་ལས་དོན་ཁག་མུ་མཐུད་དེ་བྱེད་ཀྱི་ཡོད་པ་བཅས་ཀྱི་སྐོར་ རྒྱལ་སྤྱིའི་གསར་འཕྲིན་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG