ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཡུ་ཁི་རེན་གྱི་གནད་དོན་ལ་གྲོས་མཐུན།


ཡུ་ཁི་རེན་གྱི་ཤར་ཕྱོགས་ཁུལ་དུ་ར་ཤི་ཡའི་ཕྱོགས་གཏོགས་པ་ཡུལ་དམག་གིས་ས་གནས་སྲིད་གཞུང་གི་ལས་ཁུངས་ཁག་བཙན་བཟུང་བྱས་ཏེ། ཡུ་ཁི་རེན་ལ་ནང་འཁྲུག་གི་ཛ་དྲག་ཆེ་རུ་འགྲོ་བཞིན་པའི་སྐབས་སུ་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ར་ཤི་ཡར་གདོང་ལེན་བྱེད་པར་ཤར་ཡུ་རོབ་ཁུལ་དུ་དམག་གི་སྟོབས་ཤུགས་ཆེ་རུ་གཏོང་བཞིན་ཡོད་ཅིང་། ཁ་སང་གཟའ་ཕུར་བུའི་ཉིན་ཨ་མི་རི་ཁ་མངའ་སྡེ་ཆིག་སྒྲིལ་རྒྱལ་ཁབ་དང་ར་ཤིས་ཡ། ཡུ་རོབ་མཉམ་འབྲེལ་དང་ཡུ་ཁི་རེན་བཅས་ཀྱིས་ར་ཤི་ཡའི་ཕྱོགས་གཏོགས་པ་ཡུལ་དམག་གིས་མཚོན་ཆ་རྩིས་འབུལ་བྱ་དགོས་ཞེས་ནན་སྐུལ་གྱི་གྲོས་མཐུན་ཞིག་བཞག་ཡོད་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG