ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་ནང་ཟ་ཁང་ཞིག་ཏུ་རླངས་རྫས་འགས་འཐོར་བྱུང་བ་དང་། ཐེངས་འདིའི་དོན་རྐྱེན་གྱིས་ཁྲོད་མི་བདུན་རྐྱེན་འདས་སུ་སོང་བ་དང་མི་གྲངས་༣༡་ལྷག་ལ་རྨས་སྐྱོན་ཕོག་ཡོད་པ་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་ཡང་།ད་ལྟ་རྒྱ་ནག་གི་དྲ་རྒྱ་སོགས་སུ་གནས་ཚུལ་ཐོན་པ་ལྟར་ན། རྐྱེན་འདས་སུ་སོང་བའི་མིའི་ཁ་གྲངས་ནི་དགུ་ཡིན་པ་འགྲེལ་བརྗོད་བྱེད་ཀྱིན་ཡོད་པ་མ་ཟད་། ཡང་དོན་རྐྱེན་བྱུང་སར་ཉེན་སྐྱོབ་དམག་མི་དང་འགོ་ཁྲིད་ཚོ་ལྷོད་གཡེང་དང་འཛུམ་མདངས་ཀྱི་རྣམ་འགྱུར་ལྡན་པའི་པར་སོགས་དྲ་རྒྱའི་བརྒྱུད་ལམ་དུ་སྤེལ་ཏེ། མི་སྲོག་ཤོར་བའི་དོན་རྐྱེན་གྱི་ཁྲོད་དུ་ད་དུང་སྤྲོ་འཛུམ་དང་ལྷོད་གཡེང་གི་རྣམ་འགྱུར་ལ་སྐྱོན་བརྗོད་བྱེད་བཞིན་ཡོད་པ་སོགས་ཀྱི་སྐོར་ལ་ཚེ་རིང་སྐྱིད་ཀྱིས་གནས་ཚུལ་ཕྱོགས་སྒྲིག་གིས་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG