ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༣/༠༣/༢༣

༧གོང་ས་མཆོག་དང་ཨ་རིའི་གཞུང་ཚབ་པ་མཇལ་འཕྲད་ལ་གླེང་གཞི་བཟོས་པ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་དང་ཨ་རིའི་གཞུང་ཚབ་གཉིས་མཇལ་འཕྲད་གྲོས་མོལ་བྱུང་རྗེས། ཨ་མེ་རི་ཀའི་གཞུང་ཚབ་ཀྱི་ངོས་ནས་༧གོང་ས་མཆོག་དང་མཇལ་འཕྲད་ཀྱིས་གནད་དོན་གལ་ཆེའི་སྐོར་གྲོས་མོལ་བྱུང་ཞེས་གསར་ལམ་ཁག་ཏུ་བརྗོད་ཡོད་ཀྱང་། རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་བསྐྱར་དུ་གཞི་མེད་ཚོད་དཔག་བྱས་ཏེ་རྣམ་པ་གཉིས་མཇལ་འཕྲད་ཀྱི་སྐབས་སུ། ཉེ་ཆར་དཔལ་རྒྱལ་བ་༧ཀརྨ་པའི་བླ་བྲང་གི་དངུལ་གྱི་རྙོག་གཞི་དེའི་སྐོར་ལ་ཡང་གླེང་སློང་བྱུང་ཡོད་པ་རེད་ཅེས་གནས་ཚུལ་སྤེལ་འདུག་པ་དེར་བཙན་བྱོལ་བོད་གཞུང་དང་སྐུ་སྒེར་ཡིག་ཚང་བཅས་པས་གནས་ཚུལ་བདེན་པ་མིན་པ་གསར་ལམ་ཁག་ཏུ་འགྲེལ་བརྗོད་བྱས་ཡོད་པ་བཅས་ཀྱི་སྐོར་ཚེ་རིང་སྐྱིད་ཀྱིས་གནས་ཚུལ་ཕྱོགས་བསྒྲིག་དང་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG