ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་རང་བཙན་གོམ་གྲོད་པ་སྐུའི་ཚ་བོ་འཇིགས་མེད་ནོར་བུ་འདས་གྲོངས་སུ་གྱུར་པ།


བོད་རང་བཙན་གོམ་གྲོད་པ་སྐུའི་ཚ་བོ་འཇིགས་མེད་ནོར་བུ་འདས་གྲོངས་སུ་གྱུར་པ།

ཁ་སང་དགོང་མོར་༧གོང་ས་མཆོག་གི་ཚ་བོ་འཇིགས་མེད་ནོར་བུ་ཨ་མི་རི་ཀའི་ཧྥུ་ལོ་རི་ཌ་མངའ་སྡེའི་རྒྱ་ལམ་ཐོག་ཏུ་བོད་རང་བཙན་གྱི་དྲིལ་བསྒྲགས་གོམ་གྲོད་བྱེད་པའི་སྐབས་སུ་མོ་ཊ་ཞིག་ལ་རྡུང་ཐུག་བརྒྱབ་ནས་འདས་གྲོགས་སུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཞིང་། ཧྥ་ལོ་ཌི་རི་མངའ་སྡེའི་ཉེན་རྟོགས་པ་ཚོས་བཤད་ན། ཁ་སང་གཟའ་ཟླ་བའི་དགོང་མོ་ཆུ་ཚོད་བདུན་དང་ཕྱེད་ཀ་ཡས་མས་ཤིག་ལ་འཇིགས་མེད་ནོར་བུ་དམ་པ་དེ་ཉིད་གློག་སྒྲོན་གྱི་དཀར་ཆ་མེད་པའི་རྒྱ་ལམ་ཞིག་གི་ཐོག་ཏུ་གོམ་གྲོད་བྱེད་བཞིན་པའི་སྐབས་སུ་ཆག་སྒོ་དེ་བྱུང་འདུག་ཅིང་། འཇིགས་མེད་ནོར་བུ་དམ་པ་དེ་ཉིད་སྐུའི་གཅེན་པོ་ཞིང་གཤེགས་སྟག་ཚེར་རིན་པོ་ཆེའི་སྲས་ཆུང་ཤོས་དེ་ཡིན།

XS
SM
MD
LG