བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་བྱང་ཤར་ཁུལ་དུ་ཡོད་པའི་ས་ལུ་སྒར་ལ་ཆིབས་སྒྱུར་གནང་སྟེ་མཛད་འཕྲིན་རྒྱ་ཆེན་བསྐྱངས་ཡོད་ཅིང་། ད་ཐེངས་ཀྱི་ཆིབས་སྒྱུར་མཇུག་སྒྲིལ་སྐབས་སུ་༧གོང་ས་མཆོག་གིས་དད་ལྡན་མང་ཚོགས་དང་བོད་པ་ཚོར་མགོན་པོ་གང་ཉིད་ཀྱི་དབུ་མའི་ཐབས་ལམ་ཀྱི་སྲིད་ཇུས་དེ་བོད་རྒྱ་གཉིས་ཕན་ཞིག་ཡིན་པས་རྒྱ་ནག་གཞུང་གིས་བོད་དོན་ལ་གྲོས་མོལ་བྱ་རྒྱུར་དགེ་མཚན་ཆེན་པོ་ཡོད་ཅེས་བཀའ་སློབ་བསྩལ་འདུག་པའི་སྐོར། བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པ་ཞིག་སྙན་སྒྲོན་ཞུ་ཡི་རེད།།