ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་གི་སྐུ་ཚབ་རྣམ་གཉིས་དགོངས་ཞུ་གནང་འདུག


སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིག་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་དང་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་ཀྱིས་ལས་འཁུར་ནས་དགོངས་ཞུ་གནང་འདུག་པ་དང་། བཀའ་བློན་ཁྲི་པ་བློ་བཟང་སེདྒེ་མཆོག་གིས་ཐུགས་ཕམ་ཆེན་པོས་སྐུ་ཚབ་རྣམ་གཉིས་ཀྱི་དགོངས་ཞུ་ངོས་ལེན་གནང་དགོས་བྱུང་ཡོད་ནའང། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་ནང་ཚོགས་མི་སྐུ་བགྲེས་ཀྱི་འགན་འཁུར་མུ་མཐུད་བཞེས་ཀྱི་རེད་ཅེས་གསུང་འདུག་པ་དང་། སྐུ་ཚབ་རྣམ་གཉིས་དགོངས་ཞུ་གནང་དགོས་པའི་རྒྱུ་མཚན་ནི་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་གྱི་སྲིད་བྱུས་དེ་སྔར་ལས་ཤུགས་ཆེ་རུ་གཏོང་བཞིན་པ་སོགས་ཀྱིས་འབྲེལ་མོལ་གྱི་ཁོར་ཡུག་མེད་ལུགས་གསུངས་འདུག་པ་དང་། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང༌། སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་ཀྱིས་དུས་ཚོད་གཉན་འཕྲང་ཆེ་བའི་སྐབས་སུ་ཞི་བའི་སྒོ་ནས་བོད་དོན་དཀའ་རྙོག་སེལ་ཐབས་སུ་ངལ་བ་དུ་མ་ཁྱད་དུ་བསད་ནས་ལྷག་བསམ་རྣམ་དག་གིས་འབད་བརྩོན་རིམ་པ་གནང་ཡོད། འདས་པའི་ལོ་བཅུའི་རིང་གི་འབྲེལ་མོལ་གྱི་བརྒྱུད་རིམ་ནང་སྐུ་ཚབ་གཉིས་ཀྱིས་རིན་ཐང་བྲལ་བའི་ཞབས་འདེགས་ཞུས་གནང་་ཡོད་ཅེས་གསུངས་ཡོད་པ་དང་། བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་པ་བཀའ་ཟུར་བསྟན་པ་ཚེ་རིང་ལགས་ཀྱིས་གསུངས་དོན་ལ་ བཀའ་བློན་ཁྲི་པ་མཆོག་གིས་བཀའ་བཞག་དང་བཀའ་བསྡུར་གནང་རྗེས་༧གོང་ས་མཆོག་ལ་སྙན་གསེང་དང་སྦྲགས་སྐུ་ཚབ་གསར་པ་བསྐོ་གཞག་གནང་གི་རེད་ཅེས་འགྲེལ་བརྗོད་གནང་འདུག་པ་བཅས་ཀྱི་སྐོར། རྣམ་རྒྱལ་ཤཱསྟྲིས་གནས་ཚུལ་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

XS
SM
MD
LG