ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༥/༡༡

༧གོང་ས་མཆོག་གི་ཨོ་ས་ཀའི་གསུང་ཆོས་ལེགས་གྲུབ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཀར་དད་ལྡན་པ་སྟོང་ཕྲག་འགའ་ཞིག་ལ་ཉིན་བཞི་རིང་དུ་རྒྱལ་སྲས་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་སྩལ་གནང་མཛད་ཡོད་ཅིང་། དེ་རིང་ཕྱི་ཚེས་༡༣་སྟེ། གསུང་ཆོས་ཀྱི་ཉིན་མཐའ་མར་དེར་གོང་ས་མཆོག་གིས་དད་ལྡན་མང་ཚོགས་ལ་ཞོགས་པར་འཇམ་དཔལ་དབྱངས་ཀྱི་རྗེས་གནང་དང་ཕྱི་དྲོར་ཆོས་ཞུ་བ་ཚོར་དྲི་བ་དྲིས་གནང་ནས་ཐེངས་འདིའི་ཨོ་ས་ཀའི་གསུང་ཆོས་ལེགས་བྱུང་སྟེ། སང་ཉིན་རེས་གཟའ་སྤེན་པའི་ཉིན་མགོན་པོ་གང་ཉིད་ཉི་ཧོང་ནས་རྒྱ་གར་འཕགས་པའི་ཡུལ་ལ་ཆིབས་ཞལ་བསྒྱུར་གྱི་ཡོད་པ་རེད།།

XS
SM
MD
LG