ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

༧གོང་ས་མཆོག་འབར་མ་ལ་ཕེབས་འདུན་ཡོད་པ།


ཟླ་བ་སྔོན་མའི་ཟླ་མཇུག་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་འཚོགས་པའི་འཛམ་གླིང་ནང་བའི་ལྷན་ཚོགས་ཐོག བོད་ཀྱི་དབུ་ཁྲིད་༧སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་དང་འབར་མའི་ནང་ཤུགས་རྐྱེན་ཆེ་བའི་དགེ་མདུན་པ་ཞིག་མཇལ་འཕྲད་གནང་སྐབས་སུ་༧རྒྱལ་བ་རིན་པོ་ཆེ་འབར་མའི་ནང་ཕེབས་འདོད་ཡོད་པ་གསུངས་ཡོད་པར་བརྟེན་འབར་མའི་དགེ་འདུན་པ་ཚོས་དགའ་བསུ་དང་གདན་འདྲེན་ཞུ་རྒྱུའི་གོ་སྐབས་ལ་སྒུག་ཡོད་པའི་སྐོར་ཚེ་རིང་སྐྱིད་ཀྱིས་རྒྱལ་སྤྱིའི་གསར་འགྱུར་རྒྱུད་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ཞིག་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG