ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

༧གོང་ས་མཆོག་གིས་མ་སུ་རི་ཁུལ་གྱི་ཕྱི་རྒྱལ་གྱི་སློབ་གྲྭ་ལ་གཟིགས་ཞིབ་གནང་བ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་བཅུ་བཞི་ཉིན་ནས་ཚེས་བཅོ་བརྒྱད་བར་ རྒྱ་གར་བྱང་ཕྱོགས་མ་སུ་རི་ཁུལ་གྱི་བོད་པའི་སློབ་གྲྭ་དང་བོད་མིའི་གཞིས་ཆགས་དང་ ཆོས་སྒར་སོགས་མང་པོ་ཞིག་ལ་ཆིབས་བསྒྱུར་བཀྲིན་བསྐྱང་གནང་ཡོད་ཅིང་ སྐབས་དེར་མགོན་པོ་མཆོག་གིས་མ་སུ་རི་ཁུལ་གྱི་ཕྱི་རྒྱལ་སློབ་གྲྭ་ཝུ་སི་ཀྲོག་དང་ ཝེན་བྷག་ཨ་ལན་ལའང་གཟིགས་ཞིབ་གནང་སྟེ་ དགེ་ལས་དང་སློབ་ཕྲུག་རྣམས་ལ་ཐུགས་བརྩེའི་བཀའ་སློབ་བཀྲིན་ཆེ་གནང་མཛད་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG