ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

༧གོང་ས་མཆོག་འཇར་མན་ཎི་ལ་ཆིབས་སྒྱུར་གནང་འཆར།།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཇར་མན་ཎིའི་གྲོང་ཁྱེར་ཧྥ་རན་ཁེ་ཧྥོར་ཊིའི་བོད་ཁང་གིས་ཡུན་རིང་ནས་གསོལ་བ་བཏབ་པ་ལྟར་༧གོང་ས་མཆོག་ཕྱི་ཟླ་༥་ཚེས་༡༣་ནས་ཚེས་༡༥་བར་ཉིན་གསུམ་ལ་གྲོང་ཁྱེར་དེར་ཆིབས་སྒྱུར་གནང་འཆར་ཡོད་ཅིང་། སྐབས་དེའི་ཆིབས་སྒྱུར་སྐབས་སུ་༧གོང་ས་མཆོག་གིས་འཇར་མན་ཎིའི་མང་ཚོགས་ལ་གསུང་བཤད་དང་སློབ་ཕྲུག་ཚོར་བཟང་སྤྱོད་གོང་འཕེལ་གཏོང་ཕྱོགས། ད་དུང་ཆོས་ལུགས་མཐུན་སྒྲིལ་བྱ་རྒྱུ་གལ་ཆེན་ཡིན་པའི་སྐོར་ལ་ཆོས་ལུགས་གཞན་གྱི་དབུ་ཁྲིད་ཚོར་བཀའ་མོལ་གནང་རྒྱུ་སོགས་ཀྱི་མཛད་འཆར་ཡོད་སྐོར། ཕུན་ཚོགས་ཚེ་རིང་ལགས་ཀྱིས་འཇར་མན་ཎིའི་བོད་ཁང་གི་དབུ་འཛིན་ཕུན་ཚོགས་ཚེ་རིང་ལགས་སུ་བཅར་འདྲི་ཞུས་ཏེ་ཕྱོཌ་སྒྲིག་ཞུས་པའི་གནས་ཚུལ་དེ་གསན་རོགས་གནང་།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG