ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

༧གོང་ས་མཆོག་ལྡི་ལིར་ཆིབས་སྒྱུར།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་གནང་སྟེ། རྒྱ་གར་གྱི་སློབ་གྲྭ་ཁག་གི་སློབ་མ་ཚོར་འཚེ་མེད་ཞི་བ་དང་བཟང་སྤྱོད་ཀྱི་བརྗོད་གཞིའི་སྟེང་ལ་བཀའ་སློབ་བསྩལ་ཡོད་ཅིང་། ད་ཐེངས་ཀྱི་ཆིབས་སྒྱུར་སྐབས་སུ་༧གོང་ས་མཆོག་གིས་ཕྱི་རྒྱལ་བ་དང་རྒྱ་གར་གྱི་གནད་ཡོད་མི་སྣ་༣༠༠་ཙམ་ལ་མཇལ་འཕྲད་དང་བཀའ་མོལ་གནང་ཡོད་པ་བཅས་༧གོང་ས་མཆོག་གི་རྒྱལ་ས་ལྡི་ལི་གསར་པའི་ཉིན་གཉིས་ཀྱི་མཛད་འཕྲིན་སྐོར་ལ་ས་གནས་ནས་འདི་ག་རླུང་འཕྲིན་ཁང་གི་གསར་འགྱུར་མཁོ་གཏོང་བ་ཚེ་རིང་དབང་རྒྱལ་ལགས་ཀྱིས་བཏང་བའི་གནས་ཚུལ་དེར་གསན་རོགས་གནང་།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG