ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༧གོང་ས་མཆོག་གིས་རྒྱ་ནག་སྐམ་ས་ནས་ཡོང་བའི་རྒྱ་མི་རྣམས་ལ་བཀའ་སློབ་བརྩལ་བ།


༧གོང་ས་མཆོག་གིས་རྒྱ་ནག་སྐམ་ས་ནས་ཡོང་བའི་རྒྱ་མི་རྣམས་ལ་བཀའ་སློབ་བརྩལ་བ།
༧གོང་ས་མཆོག་གིས་རྒྱ་ནག་སྐམ་ས་ནས་ཡོང་བའི་རྒྱ་མི་རྣམས་ལ་བཀའ་སློབ་བརྩལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ གནས་མཆོག་རྡོ་རྗེ་གདན་དུ་ དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་བར་བཅར་བའི་རྒྱ་ནག་སྐམ་སའི་རྒྱ་རིགས་ཆིག་སྟོང་ལྷག་ཙམ་ཞིག་ལ་ དམིགས་བསལ་མཇལ་ཁ་གནང་བ་དང་འབྲེལ་བཀའ་སློབ་བཀྲིན་ཆེ་གནང་མཛད་དེ་ ཆོས་ལ་དད་པ་བྱས་པ་གཅིག་པུས་མི་འགྲིགས་པར་ སངས་རྒྱས་ཀྱི་བཀའ་མང་པོ་ཞིག་རྒྱ་ཡིག་ནང་བསྒྱུར་ཡོད་པ་དེ་དག་ལ་སློབ་སྦྱོང་བྱེད་རྒྱུ་གལ་ཆེན་པོ་ཡིན་ཞེས་བཀའ་གནང་བ་དང་ ཡང་ མཇུག་ཏུ་བོད་དོན་སྐོར་བཀའ་བསྩལ་ཏེ་ རྒྱ་ནག་མི་དམངས་རྣམས་ལ་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་ཐོབ་ཐང་ཡོག་རེད་ཅེས་བཀའ་བསྩལ་གནང་མཛད་ཡོད་པའི་སྐོར་ དཔལ་མོ་མཁས་གྲུབ་ཀྱིས་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་ཞིག་གསན་རོགས་གནང་།

XS
SM
MD
LG