ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

༧གོང་ས་མཆོག་གིས་ཡུ་རོབ་གྲོས་ཚོགས་ལ་གསུང་འཕྲིན་བསྩལ་པ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༡༩་ཉིན་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱ་ཐམ་པར་གསུང་འཕྲིན་བསྩལ་ཏེ། བོད་ཀྱི་གནས་སྟངས་ནི་ཡིད་མུག་པའི་རང་བཞིན་ཞིག་ཡིན་ཞིང་། ད་དུང་བོད་ཀྱི་རིག་གཞུང་ཡང་ཆག་འཇིག་གི་གནས་སུ་ལྷུངས་ཡོད་ཅེས་གསལ་སྟོན་གནང་བ་མ་ཟད། བོད་ཀྱི་དཀའ་རྙོག་འདི་རྒྱ་ནག་གཞུང་གིས་འདྲ་མཉམ་དང་ཞི་འགྲིག་གི་ལམ་ནས་སེལ་དགོས་པ་ཞིག་ཡིན་རུང་། རྒྱ་གཞུང་གིས་བོད་པ་ཚོར་དམ་དྲག་དང་གནོན་སྡོམ་བྱེད་རྒྱུ་ཤུགས་ཆེ་རུ་གཏོང་གིན་འདུག་ཅེས་གསུངས་ཡོད་པའི་སྐོར། པདྨ་བདེ་ཆེན་ལགས་ཀྱིས་ཞིབ་ཕྲའི་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་ཡི་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG