ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༧གོང་ས་མཆོག་གིས་སའི་གོ་ལའི་ཉིན་མོར་གསུང་འཕྲིན་སྩལ་བ།


༄༅། ཕྱི་ཟླ་༤་པའི་ཚེས་༢༢་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་གི་སའི་གོ་ལའི་ཉིན་མོར་གསུང་འཕྲིན་ཞིག་སྩལ་ཏེ་རང་ཅག་ཐུན་མོང་གི་ཁྱིམ་གཞི་ལྟ་བུའི་མཛེས་སྡུག་ཅན་གྱི་སའི་གོ་ལ་འདིར་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཏོང་ཐབས་སུ་རང་རང་གི་འཁོས་བབ་ལ་གཞིགས་ཏེ་འབད་བརྩོན་བྱ་རྒྱུའི་དམ་བཅའ་འཇོག་དགོས་ཞེས་བཀའ་གནང་ཡོད་པའི་སྐོར། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཆོལ་སྐྱབས་པ་འཆི་མེ་རིག་འཛིན་ལགས་སུ་༧གོང་ས་མཆོག་གི་སྩལ་བའི་གསུང་འཕྲིན་གྱི་སྙིང་དོན་བཅས་ཀྱི་གནས་ཚུལ་ཕྱོགས་བསྒྲིགས་ཞུས་པ་ཞིག་ཀུན་བཟང་སྒྲོལ་མས་སྙན་སྒྲོན་ཞུ་རྒྱུ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG