ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

དགེ་བཤེས་ཐོན་པའི་དགོས་པ་ནི་ཨ་རིར་ཐར་རྒྱུ་མ་ཡིན་པ་བྱ་དགོས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། དེ་རིང་ཕྱི་ཟླ་༡༢་ཚེས་༡༧་ཉིན་དཔལ་ལྡན་འབྲས་དཀར་སྤུངས་པའི་ཡ་གྱལ། མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གིས་གོ་སྒྲིག་འོག་ཏུ་དེ་གའི་གཙུག་ལག་ཁང་ཆེན་མོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱིས་དགའ་ལྡན་ཁྲི་རིན་པོ་དང་ཤར་བྱང་ཆོས་རྗེ་རྣམ་གཉིས། རི་བོ་དགེ་ལྡན་པའི་བསྟན་བདག་རྣམ་པ་དང་རྒྱལ་སྲས་བླ་སྤྲུལ། དགེ་བའི་བཤེས་གཉེན་རྣམས་དང་དགེ་འདུན་འདུས་མང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་དོན་གཉེར་ཅན་གྱི་མང་ཚོགས་བཅས་མི་སྟོང་ཕྲག་བརྒལ་བའི་འདུ་འཛོམས་ཤིག་གི་སྐབས་སུ རྒྱ་གར་མཁས་པའི་གཞུང་སྟེ། དཔལ་ནཱ་ལེནྡྲའི་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་སློབ་དཔོན་ཨྭརྱ་དེ་ལྦའམ། སློབ་དཔོན་འཕགས་པ་ལྷས་མཛད་པའི་དབུ་མ་བཞི་བརྒྱ་པར་མཁས་པའི་བགྲོ་གླེང་ཆེན་མོ་ཞིག་ཚུགས་ཡོད་ཅིང་། སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་འདུན་པ་ཚོས་གཞུང་ཆེན་ཁག་ལ་སློབ་གཉེར་བྱས་པའི་དགོས་དོན་གཙོ་བོ་རང་རྒྱུད་འདུལ་ཐབས་ལ་སྦྱར་དགོས་པ་ལས་ཨ་རི་ལ་འགྲོ་རྒྱུའི་ཆེད་དུ་དམིགས་ཡུལ་འཛིན་མི་རུང་ཞེས་ལམ་སྟོན་བཀའ་སློབ་བསྩལ་གནང་ཡོད་པའི་སྐོར།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG