ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

༧གོང་ས་མཆོག་དབུ་བཞུགས་ཐོག་བོད་སློབ་འཛིན་ཚོགས་ཀྱི་དུས་ཆེན་མཛད་སྒོ


བཙན་བྱོལ་ནང་བོད་ཕྲུག་ཧ་ཅང་ཕོན་ཆེར་ཤེས་ཡོན་སློབ་གསོའི་མཐུན་འགྱུར་སྦྱོར་མཁན་བོད་སློབ་འཛིན་སྐྱོང་ཚོགས་པ་དབུ་བརྙེས་ནས་ད་ཆ་མི་ལོ་༥༠འཁོར་བའི་དུས་ཆེན་སྲུང་བརྩིའི་མཛད་སྒོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་རྒྱ་གར་གཞུང་གི་ཤེས་རིག་བློན་ཆེན་དང་དབུསབོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཆོག་སོགས་འབྲེལ་ཡོད་དཔོན་རིགས་ཁག་དང་འཛིན་སྐྱོང་དེའི་ཁྱབ་ཁོངས་སློབ་གྲ་ཁག་གི་སློབ་ཕྲུག་དང་དགེ་རྒན་གྱི་སྐུ་ཚབ་བཅས་མཉམ་ཞུགས་གནང་ཡོད་པ་རེད། མཛད་སྒོ་དེའི་ཐོག་༧གོང་ས་མཆོག་གི་སློབ་གསོའི་ནང་འགྲོ་བ་མིའི་རིན་ཐང་གོང་འཕེལ་གཏོང་དགོས་པའི་བཀའ་སློབ་ཕེབས་པ་ དང་སྦྲགས་གང་ཉིད་ནས་ཕྱི་ལོ་༡༩༥༩ དང་དྲུག་ཅུའི་ནང་རྒྱ་གར་གྱི་སྲིད་བློན་ནེ་ཧ་རུ་དམ་པས་དེ་ལམ་སྟོན་དང་མཐུན་འགྱུར་གནང་སྟེ་བཙན་བྱོལ་ནང་བོད་པའི་སློབ་གྲ་ཟུར་དུ་བཙུགས་ཐུབ་པ་སོགས་ཀྱི་དྲན་གསོ་དང་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞེས་སོགས་བཀའ་གནང་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG