ངོ་འཕྲད་བདེ་བའི་དྲ་འབྲེལ།

༧གོང་ས་མཆོག་ཉི་ཧོང་ལ་ཆིབས་སྒྱུར།


ཉི་ཧོང་གི་དད་ལྡན་པ་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར་ཕྱི་ཟླ་༡༡་ཚེས་༤་ནས་དབུ་འཛུགས་ཀྱིས་ཉིན་བཅུའི་རིང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ཉི་ཧོང་ལ་ཆིབས་སྒྱུར་གནང་སྟེ། ཆོས་ཕྱོགས་ཀྱི་མཛད་འཕྲིན་རིམ་པ་ཞིག་བསྐྱང་འཆར་ཡོད་པའི་སྐོར། ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་ཉི་ཧོང་དུ་བཅའ་སྡོད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་ལྷག་པ་ཚོ་ཁོ་ལགས་སུ་༧གོང་ས་མཆོག་གི་མཛད་འཆར་དང་ཕེབས་བསུའི་གྲ་སྒྲིག་བཅས་ལ་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང་།
XS
SM
MD
LG