དེང་སྐབས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེནཔོ་མཆོག་གིས་ལ་དཱགས་སུ་མཛད་འཕྲིན་རྒྱ་ཆེ་ཞིག་སྐྱོང་བཞིན་ཡོད་ཅིང་། ཕྱི་ཚེས་ཉི་ཤུ་བདུན་ཉིན་༧གོང་ས་མཆོག་ལ་དཱགས་ཀྱི་རྒྱལ་ས་སླེ་གྲོང་ཁྱེར་དུ་ཡོད་པའི་ལམ་སྒྲོན་སློབ་གྲྭར་གཟིགས་ཞིབ་ཏུ་ཕེབས་ཏེ་སློབ་གྲྭའི་སྨན་ཁང་དང་ཚན་རིག་ཞིབ་འཇུག་ཁང་དབུ་འབྱེད་གནང་བ་མ་ཟད། དགེ་སློབ་ཡོངས་ལ་གལ་ཆེའི་བཀའ་སློབ་གནང་ཡོད་པའི་སྐོར། རྒྱལ་མཚན་ཚེ་རིང་ལགས་ཀྱིས་ཕྱོགས་བསྒྲིགས་བྱས་པའི་གནས་ཚུལ་ཞིག་གསན་རོགས་གནང་རེད།