ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བཟང་སྤྱོད་དང་འབྲེལ་བའི་རིག་གཞུང་གཅེས་འཛིན་དགོས་ལུགས་༧གོང་ས་མཆོག་གིས་བཀའ་སློབ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་ མཆོག་གིས་སུད་སིར་གནས་སྡོད་བོད་རིགས་རྣམས་ལ་བོད་ཀྱི་ཐོུང་མ་ཡིན་པའི་ བཟང་སྤྱོད་དང་འབྲེལ་བའི་རིག་གཞུང་མི་ཉམས་གཅེས་འཛིན་བྱེད་དགོས་ ལུགས་བཀའ་སློབ་གནང་པ་དང་དུས་མཚུངས། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ གིས་བོད་མི་རྣམས་ལ་༧གོང་ས་མཆོག་གི་ལམ་སྟོན་གྱི་བཀའ་སློབ་ཟབ་མོ་ རྣམས་ཚུལ་བཞིན་དུ་དང་ལེན་བྱེད་དགོས་པའི་འབོད་བསྐུལ་གནང་ཡོད་པ་ སོགས་ཀྱི་སྐོར་བྱང་ཆུབ་སྒྲོལ་མས་སུད་སི་སྐུ་ཚབ་དོན་གཅོད་ཆོས་སྐྱབས་པ་ཚེ་ བརྟན་བསམ་གྲུབ་ལགས་སུ་གནས་འདྲི་ཞུས་ཏེ་ཕྱོགས་བསྒྲིགས་ཞུས་པའི་གནས་ཚུལ་ཞིག་གསན་གྱི་རེད།
XS
SM
MD
LG