ད་རེས་ཉེ་དུས་གཟའ་ཉིོ་མའི་སྔ་དྲོར་རྒྱ་གར་ལྷོ་ཕྱོགས་ཀྱི་ཀེ་ར་ལ་མངའ་སྡེའི་ཀོ་ལམ་གྲོང་ཁྱེར་གྱི་པུ་ཀྲིན་གྷལ་ལྷ་མོའི་ལྷ་ཁང་དང་དེའི་ཉེ་འཁོར་དུ་མེ་སྐྱོན་ཚབས་ཆེན་བྱུང་སྟེ། མི་བརྒྱ་སྐོར་ལ་ཞིག་ལ་སྲོག་སྐྱོན་དང་མི་གཞན་པ་༤༠༠་ཙམ་ལ་ཚིག་སྐྱོན་དང་རྨས་སྐྱོན་བྱུང་བའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་དང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་ཕམ་ཆེན་པོའི་སྒོ་ནས་འདས་པོ་རྣམས་ལ་ཐུགས་སྨོན་དང་རྗེས་ཤུལ་བཟའ་མི་བུ་ཕྲུག་རྣམས། ད་དུང་མངའ་སྡེ་དེའི་སྤྱི་ཁྱབ་བློན་ཆེན་བཅས་ལ་ཐུགས་གསོའི་ཕྱག་བྲིས་ཤིག་གནང་བ་མ་ཟད། ཀེ་ར་ལ་མངའ་སྡེའི་མེ་སྐྱོན་གྱི་རྒུད་སྐྱོབ་ལ་དངུལ་སྒོར་ཞལ་འདེབས་གནང་འདུག