ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

༧གོང་ས་མཆོག་གིས་རྡོ་རྗེ་མཁའ་འགྲོར་ཐུགས་སྨོན་མཛད་བཞིན་པ།


Arunchal Pradesh state Chief Minister Dorjee Khandu is seen to the left of Dalai Lama, in the northeastern Arunachal Pradesh state, India, Sunday, Nov. 8, 2009.
Arunchal Pradesh state Chief Minister Dorjee Khandu is seen to the left of Dalai Lama, in the northeastern Arunachal Pradesh state, India, Sunday, Nov. 8, 2009.

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སྐུ་ཞབས་རྡོ་རྗེ་མཁའ་འགྲོ་དང་རོགས་པ་རྣམས་མྱུར་དུ་བདེ་ཐང་ངང་རྙེད་སོན་ཐུབ་པའི་ཐུགས་སྨོན་མཛད་ཡོད་ཅིང་། དེ་ཡང་ཉིན་གསུམ་གོང་རྒྱ་གར་གྱི་མངའ་སྡེ་ཨ་རུ་ན་ཅལ་གྱི་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་ལགས་དང་ལས་རོགས་རྣམས་བཅས་ཐད་འཕུར་གནམ་གྲུའི་ནང་ཞུགས་པའི་རྗེས་བསྐྱོད་རྗེས་གང་སོང་མེད་པ་གྱུར་ཡོད་པར་དང། རྒྱ་གར་དབུས་དང་ས་གནས་གཞུང་གཉིས་ཀས་ས་ཁུལ་དེར་གནམ་གཤིས་སྡུག་པོ་ཡོད་ན་ཡང་མུ་མཐུད་ནས་གནམ་གྲུའི་ཤུལ་འཚོལ་ཞིབ་བྱེད་ཡོད་པ་བཅས་ཀྱི་སྐོར་བཞིན་པ་རེད། གནས་ཚུལ་ཞིབ་ཕྲ་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG