བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོང་ཁྱེར་ཨ་ཀྲི་ལན་ཀྲིའི་ནང་བྱམས་བརྩེསྒོམ་སྟངས་ཐད་ཀྱི་ལྷན་ཚོགས་ནང་དབུ་བཞུགས་གནང་ཡོད་པ་དང་ དེ་བཞིན་༧གོང་ས་མཆོག་གིས་ཨ་རི་གཞུང་གིས་ཆེད་འཛུགས་གནང་བའི་བོད་དོན་དམིགས་གསལ་འབྲེལ་མཐུད་སྐུ་ཚབ་ལྕམ་མེ་རི་ཡ་ཨོ་ཀྲི་རོ་དང་མཇལ་འཕྲད་གནང་ཡོད་པ་བཅས་ཀྱི་སྐོར་འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ས་གནས་ནས་བཏང་པའི་གནས་ཚུལ་ཞིག་གསན་རོགས་གནང༌།