བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་བྱང་ཕྱོགས་སུ་ཡོད་པའི་ཨུ་དྷར་ཁན་མངའ་སྡེའི་རྒྱལ་ས་ལྡེ་ར་རྡུན་ལ་ཆིབས་སྒྱུར་བསྐྱངས་ཏེ། ༧གོང་ས་མཆོག་ས་ཁུལ་དེའི་བོད་པའི་གཞིས་ཆགས་དང་དགོན་སྡེ་ཁག སློབ་གྲྭ་བཅས་ལ་གཟིགས་ཞིབ་ཏུ་ཕེབས་གནང་མཛད་པ་མ་ཟད། ཕྱི་ཚེ་༡༧་ཉིན་མ་སུ་རི་བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་༥༠་ཐམ་པ་འཁོར་བའི་དུས་དྲན་གྱི་མཛད་སྒོར༧གོང་ས་མཆོག་དབུ་བཞུག་གནང་གི་ཡོད་པའི་སྐོར། འདི་གའི་ལས་བྱེད་པ་ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་ལྡེ་ར་རྡུན་མངའ་ཁུལ་གྱི་ བོད་པའི་གཞིས་ཆགས་ཁག་གི་སྤྱི་ཁྱབ་འགན་འཛིན་རྒྱལ་མཚན་ལགས་སུ་གནས་འདྲི་ཞུས་པ་དེར་གསན་རོགས་གནང་།