ལོ་རེའི་སྤྱི་ཟླ་བདུན་པའི་ཚེས་དྲུག་ཉིན། ༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཡིན་པ་ལྟར་ ཉིན་མོ་འདིར་འཛམ་གླིང་ཡུལ་གྲུ་གང་སའི་བོད་མི་ཚོས་དགའ་སྟོན་དང་མཆོད་འབུལ་གྱི་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་ཏེ་་སྲུང་བརྩི་་གཟབ་རྒྱས་ཞུ་སྲོལ་ཡོད་པ་ལྟར། འདས་པའི་ལོ་ཤས་རིང་བོད་ནང་གི་བོད་མི་ཚོས་ཀྱང་༧གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་བྱ་རྒྱུར་འབད་བརྩོན་བྱེད་ཀྱིན་ཡོད་ཅིང། ད་ལྟའི་ཆར་སྤྱིའི་ཆ་ནས་བོད་ནང་དུ་དམ་དྲག་ཡོད་པ་ལ་མ་་ལྟོས་་པར། བོད་མདོ་ཁམས་རྟའུ་དང་མདོ་སྨད་རྨ་ཆུ་སོགས་སུ་སྔར་བཞིན་འཁྲུངས་སྐར་ལ་སྲུང་་བརྩི་བྱེད་ཀྱི་ཡོད་པའི་སྐོར་ཚེ་རིང་སྐྱིད་ཀྱིས་གནས་ཚུལ་ཕྱོགས་སྒྲིག་གིས་སྙན་སྒྲོན་ཞུ་གནང་གི་རེད།